ཉེ་ཆར། བོད་ལྗོངས་སྤོ་བོ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། སྤོ་བོ་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་གཉེར་འགན་འཁུར་བ། བོད་ལྗོངས་གཙང་པོ་འཕྱོ་གཡེང་ལུས་རྩལ་ཡུལ་སྐོར་ཚད་ཡོད་ཀུང་སིས་ལག་བསྟར་བྱས་པའི་2026ལོའི“གངས་ལྗོངས་འགྲུལ་སྐྱོད་པ”སྤོ་བོ་རྫོང་དགའ་བ་ལུང་དུ་རྐང་ཐང་མར་སྐྱོད་པའི་ཡུལ་སྐོར་ཉམས་ལེན་བྱེད་སྒོ་བདེ་བླག་ངང་མཇུག་འགྲིལ་ཞིང་། ཆེད་ལས་ལས་དོན་པ་20ཡི་བརྒྱུད་རིམ་ཧྲིལ་པོའི་འགན་སྲུང་འོག་ལྗོངས་ཕྱི་ནང་གི་རྐང་ཐང་མར་འགྲོ་རྒྱུར་དགའ་བའི་མི་100བྱེད་སྒོར་ཞུགས་ཡོད་པ་རེད།