《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年11月09日

བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས།

ལམ་ལུགས་ཀྱི་བཙན་ཐབས་ལ་བརྟེན་ནས་གྲོང་ཚོ་རིམ་པའི་དོན་དག་ཇུས་ཐག་གཅོད་པའི་ལམ་སྲོལ་ཚད་ལྡན་ཅན་ལ་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་དང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་རྨང་གཞི་མུ་མཐུད་བརྟན་དུ་བཏང་སྟེ། གྲོང་ཚོ་རིམ་པའི་དམངས་གཙོའི་ཇུས་ཐག་གཅོད་པའི་འཁོར་སྐྱོད་ལམ་སྲོལ་ཚད་ལྡན་དུ་ཏན་ཏིག་གཏོང་ཆེད། བོད་ལྗོངས་ནག་ཆུ་གྲོང་ཨུད་རྩ་འཛུགས་པུས་གཞི་རིམ་གྱི་གྲོས་རིམ་ཚད་ལྡན་མེད་པ་དང་། ཐོ་འགོད་གཅིག་གྱུར་མེད་པ། བརྒྱུད་རིམ་ཚད་ལྡན་མེད་པ་སོགས་ཀྱི་ཞན་ཆར་དམིགས་ནས་ལམ་ལུགས་ལ་བརྟེན་ནས་སྤུས་ཚད་མཐོ་རུ་གཏོང་བ་དང་ཚད་ལྡན་ལ་བརྟེན་ནས་ཕན་འབྲས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཤིང་། ད་ལོའི་ཟླ་6པར《“གྲོས་བསྡུར་བཞི་དང་ཡོངས་བསྒྲགས་གཉིས”ཀྱི་ལས་ཀའི་ཟིན་ཐོའི་མ་དཔེ》(བོད་རྒྱ་ཡིག་རིགས་གཉིས་ཀྱི་པར་གཞི)གཅིག་གྱུར་ཐོག་བཟོས་ནས་བཀྲམ་སྟེ། ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་བརྟེན་ནས་གྲོང་ཚོ་རིམ་པའི་གཞུང་དོན་གྲོས་མོལ་གྱི་ཇུས་ཐག་གཅོད་པའི་བརྒྱུད་རིམ་ཧྲིལ་པོ་ཚད་ལྡན་དང་། བརྒྱུད་རིམ་ཧྲིལ་པོར་རྗེས་ཤུལ་ཡོད་པ། བརྒྱུད་རིམ་ཧྲིལ་པོ་ཁ་གསལ་བཅས་ལ་སྐུལ་འདེད་བཏང་ནས། གྲོང་གསེབ་བཅོས་སྐྱོང་ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་བ་རེད།

བོད་ལྗོངས་ནག་ཆུ་གྲོང་ཨུད་རྩ་འཛུགས་པུས་ས་ཁོངས་ཧྲིལ་པོར་སྐུལ་འདེད་དང་གཞི་གཅིག་ཅན་གྱི་ཚད་ལྡན་མཐའ་འཁྱོངས་བྱས་ཏེ། བོད་རྒྱ་ཡིག་རིགས་གཉིས་ཀྱི“གྲོས་བསྡུར་བཞི་དང་ཡོངས་བསྒྲགས་གཉིས”ཀྱི་ཚད་གཞིའི་མ་དཔེ་གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)ཚང་མར་ཕྱོགས་ཡོངས་ནས་ཁྱབ་གདལ་དང་། རྒྱུན་གཏན་བེད་སྤྱོད། དོན་འཁྱོལ་ཏན་ཏིག་བཅས་བྱེད་པར་སྐུལ་འདེད་བཏང་བ་རེད། གྲོང་ཚོ་རིམ་པའི་དོན་དག་གལ་ཆེན་དང་། དམངས་ཕན་མ་དངུལ་བེད་སྤྱོད། མཉམ་སྡེབ་རྒྱུ་ནོར་གཉེར་སྐྱོང་། ཐོན་ལས་རྣམ་གྲངས་ལག་བསྟར། དམངས་འཚོའི་བྱ་བ་དངོས་ལ་སྐུལ་འདེད་གཏོང་བ་སོགས་ལ་ངེས་པར་དུ་སྒྲིག་སྲོལ་ལྟར་གཞུང་དོན་གྲོས་མོལ་གྱི་གོ་རིམ་ལག་བསྟར་ནན་པོ་བྱས་ཏེ་ཐོ་འགོད་རྩིས་ཁྲ་ཚད་ལྡན་དུ་བཏང་ཞིང་། 2026ལོ་ནས་བཟུང་། གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)1205ཡིས“གྲོས་བསྡུར་བཞི་དང་ཡོངས་བསྒྲགས་གཉིས”ཀྱི་ལས་ཀ་བྱེད་སྟངས་ལ་བརྟེན་ནས་གྲོང་ཚོ་རིམ་པའི་དོན་དག་8000ལྷག་ཙམ་ཇུས་ཐག་བཅད་པ་རེད།

ཚད་གཞི་ཅན་དང་ཚད་ལྡན་ཅན་ལ་བརྟེན་ནས“གྲོས་བསྡུར་བཞི་དང་ཡོངས་བསྒྲགས་གཉིས”ཀྱི་ལམ་ལུགས་དོན་འཁྱོལ་བྱེད་པར་དམ་འཛིན་ཏན་ཏིག་བྱེད་པ་དང་། གྲོང་ཚོ་རིམ་པའི་དབང་ཆ་འཁོར་སྐྱོད་སྔར་བས་ཚད་ལྡན་དུ་གཏོང་བ། གྲོང་ཚོ་རིམ་པའི་བཅོས་སྐྱོང་ནང་མང་ཚོགས་ཞུགས་པའི་ཐབས་ལམ་ནུས་ལྡན་ངང་ཤར་གཏོང་བྱེད་པ། ཡོངས་བསྒྲགས་ཁ་གསལ་དང་གཞུང་དྲང་གོ་རིམ་ལྡན་པའི་གྲོང་གསེབ་བཅོས་སྐྱོང་གི་ཁོར་ཡུག་གཏོད་པ་བཅས་བྱས་ཏེ་རྨང་བརྟན་དམངས་ཕན་གྱི་མ་དངུལ་དོན་འཁྱོལ་དང་། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས། གྲོང་ཚོ་རིམ་པའི་དམངས་འཚོའི་རྣམ་གྲངས་ལ་སྐུལ་འདེད་གཏོང་བ་སོགས་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་ལས་དོན་ལ་ལམ་ལུགས་ཀྱི་འགན་ལེན་བརྟན་པོ་བྱས་ཏེ། སྤུས་ཚད་མཐོ་བའི་གཞི་རིམ་བཅོས་སྐྱོང་ལ་བརྟེན་ནས་གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་མཐུན་རྐྱེན་སྦྱར་བ་རེད།