《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年11月09日

ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་དྲ་བས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་བ།

འདི་ནི་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་ལི་ཧྲུའེ་ཆུས་ཏུང་ཕིང་ཁྲོམ་གཞུང་ཨའེ་ལན་གྲོང་ཚོར་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་མུའུ་སྟོང་ཟིན་པའི་གསེར་མདོག་འབྲས་ཞིང་གི་དཀྱིལ་ནས་འགྲོ་བཞིན་པ།

ད་ལོའི་ཟླ་9པར། ཀྲུང་གོས་པེ་ཅིང་ནས་ཤང་ཀང་བར་གྱི་མྱུར་བགྲོད་ལྕགས་ལམ་ཞུང་ཨན་ནས་ཧྲང་ཆིའུ་བར་གྱི་དུམ་བུ་དང་། ཤིས་ཨན་ནས་ཁྲུང་ཆིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཤིས་ཨན་ནས་ཨན་ཁང་བར་གྱི་དུམ་བུ། དབྱི་ཁྲང་ནས་ཤིང་ཧྲན་བར་གྱི་མྱུར་བགྲོད་ལྕགས་ལམ། ཧར་པིན་ནས་དབྱི་ཁྲུན་བར་གྱི་མྱུར་བགྲོད་ལྕགས་ལམ་བཅས་ལམ་ཐིག་4ཤར་གཏོང་བྱས་ཏེ། སྔར་བས་ཚགས་དམ་དུ་འགྲོ་བའི་དེང་རབས་ལྕགས་ལམ་དྲ་བ་ཞིག་ཀྲུང་གོའི་བྱང་རྒྱུད་དང་། ནུབ་བྱང་རྒྱུད། དབུས་རྒྱུད། བྱང་ཤར་རྒྱུད་བཅས་ལ་རྒྱ་སྐྱེད་བཏང་ཡོད།

ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་གྱི་དྲ་བ་རྒྱུན་ཆད་མེད་པར་སྣུར་སྲིང་བྱས་པ་དེ་ནི་ལྕགས་ལམ་ཐད་མ་འཇོག་རྒྱུན་མཐུད་འཕར་བར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་ཞིག་ཡིན་ལ། རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བའི་མྱུར་བགྲོད་ལྕགས་ལམ་གྱི་འགྲུལ་སྐྱེལ་དགོས་མཁོ་སྐོང་བའི་ལྡོག་མེད་ཀྱི་འཕེལ་ཕྱོགས་ཤིག་ཀྱང་རེད།

ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་དྲ་བ་རྒྱུན་མཐུད་ངང་རྒྱ་ཆེར་ཕྱིན་པ་དེ་ཐོག་ནས་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་མངོན་ཞིང་། དེ་ལས་ས་ཁོངས་དཔལ་འབྱོར་འབྲེལ་བར་ཤུགས་སྣོན་རྒྱག་ཐུབ་པ་མ་ཟད། ད་དུང་གཙོ་གནད་མི་འབོར་དང་ཚོང་ལས་ལྟེ་གནས་དབར་གྱི་ཚོང་གཉེར་བྱེད་སྒོའི་འཁོར་རྒྱུག་རང་བཞིན་ཡང་ལེགས་སུ་གཏོང་ཐུབ། ཕ་ཁི་སི་ཐན་གྱི་ངོས་ནས་བརྗོད་ན། ཀྲུང་གོའི་འགག་རྩའི་ཉམས་མྱོང་ནི་ལྕགས་ལམ་དེང་རབས་ཅན་དང་བཟོ་ལས་འཕེལ་རྒྱས་དང་། ཟོག་འགྲེམས་ལས་ཕྱོད་ཆེར་གཏོང་དང་ས་ཁོངས་ཕན་ཚུན་འབྲེལ་མཐུད་མངོན་འགྱུར་བཅས་ཟུང་འབྲེལ་བྱེད་པར་རག་ལས་ཤིང་། དུས་མཚུངས་སུ་ལྕགས་ལམ་དྲ་བ་རྒྱུན་མཐུད་ལེགས་སུ་གཏོང་བར་མཁོ་བའི་ལག་རྩལ་དང་ནོར་དོན་གྱི་འདེགས་སྐྱོར་ནུས་པ་ལྡན་པར་བྱ་རྒྱུ་དེ་རེད།

—— ཕ་ཁི་སི་ཐན་གྱི《རྒྱལ་ཁབ་ཚགས་པར》དྲ་ཚིགས་ཀྱི་རྩོམ་ཡིག་གཞིར་བཟུང་།