《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年10月30日

མཚོ་སྔོན་གྱིས་བྱེད་ཐབས་ཁག་བཞི་སྤྱད་དེ་གྲོང་གསེབ་དང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་འགན་ལེན་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱིས“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི“ཆུའི་བདེ་འཇགས་འགན་ལེན”གྱི་ཆེད་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། མཚོ་སྔོན་གྱིས“གྲོང་གསེབ་ཏུ་ཆུ་ཀ་ལ་ཁྱབ་ཚད་88%ཡན་ཟིན་པ་དང་གཞི་ཁྱོན་ཅན་གྱི་ཆུ་མཁོ་འདོན་ཁྱབ་ཚད་50%ཡན་མཐོ་རུ་གཏོང་རྒྱུའི”འཕེལ་རྒྱས་དམིགས་ཚད་གཏན་འཁེལ་བྱས་པ་དང་། ཆུ་ཁུངས་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། ལས་གྲྭའི་བཀོད་པ་ལེགས་སུ་གཏོང་བ། མཁོ་འདོན་གྱི་ཆུ་སྤུས་མཐོར་གཏོང་། འཁོར་རྒྱུག་བདག་སྲུང་ཚད་ལྡན་དུ་གཏོང་བ་བཅས་བྱེད་ཐབས་ཁག་བཞི་བརྒྱུད། གྲོང་གསེབ་དང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་འགན་ལེན་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད།

གྲོང་གསེབ་དང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་ལེགས་གཏོང་མཐོར་གཏོང་གི་འགག་སྒྲོལ་བྱ་སྤྱོད་སྤེལ་ཏེ། ལས་གྲྭའི་བྱེད་ཐབས་དང་ལས་གྲྭ་མིན་པའི་བྱེད་ཐབས་བརྒྱུད་གྲོང་གསེབ་དང་འབྲོག་ཁུལ་གྱི་ཆུ་མཁོ་འདོན“3+1”ཚད་ལྡན་ཅན་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོང་བྱེད་སྟངས་དོན་འཁྱོལ་ཞིབ་ཚགས་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད། བསྐྲུན་དང་སྐྲུན་མུས་ཀྱི་ཆུ་འདྲེན་ལས་གྲྭ་དང་ཆུ་མཛོད་སོགས་སྤུས་ལེགས་དང་རྒྱུན་བརྟན་གྱི་ཆུ་ཁུངས་ལ་བརྟེན་ནས་ཆུ་ཁུངས་ཆུང་གྲས་བརྗེ་པོ་རྒྱག་པར་སྐུལ་འདེད་གཏོང་བ་དང་། ཆུ་མཁོ་འདོན་གྱི་ཆུ་ཁུངས་བརྟན་པོའི་རང་བཞིན་སྔར་བས་ཆེ་རུ་གཏོང་བ། གྲོང་གསེབ་དང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་ལས་གྲྭའི་ཆུ་ཁུངས“འཆར་འགོད་དང་། འཛུགས་སྐྲུན། བཅོས་སྐྱོང”བཅས་ཀྱི་དོ་དམ་སྲུང་སྐྱོང་བྱེད་ཐབས་དོན་འཁྱོལ་བྱེད་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཉེན་བརྡའི་མཚོན་རྟགས་དང་ལྕགས་དྲ་སོགས་འགོག་སྲུང་སྒྲིག་བཀོད་བཙུགས་ནས་ཆུ་ཁུངས་སྲུང་སྐྱོང་ཚད་ལྡན་དུ་གཏོང་རྒྱུ་རེད། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ཇུས་བསྟར་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་དང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་གྱི་དགོས་མཁོར་སྤྱི་འདོམས་བྱེད་པ་དང་ཆུ་མཁོ་འདོན་གྱི་དྲ་སྦྲེལ་རྒྱ་སྐྱེད་ལ་སྐུལ་འདེད་བཏང་ནས་ཆུ་འགོ་གཅིག་མཚུངས་དང་། དྲ་རྒྱ་གཅིག་མཚུངས། ཆུ་སྤུས་གཅིག་མཚུངས། ལྟ་འདོམས་གཅིག་མཚུངས། ཞབས་ཞུ་གཅིག་མཚུངས་བཅས་རིམ་བཞིན་མངོན་འགྱུར་ཡོང་བར་བྱ་རྒྱུ་རེད།