《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年10月30日

“ཀླུ་མོ”རྟགས་ཅན་གྱི་སྨི་7000རིམ་པའི་མཚོ་སྐྱོད་ཚོད་ལྟ་ལེགས་སྒྲུབ་བྱུང་བ།

ཚེས་27ཉིན། གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། རིམ་སྤོར་ཐེངས་གཉིས་པ་ལེགས་གྲུབ་བྱུང་བའི“ཀླུ་མོ”རྟགས་ཅན་གྱི་མི་ཞུགས་ཆུར་འཛུལ་ཡོ་བྱད་ཉེ་ཆར་ཧྥི་ལི་ཕིན་གྱི་མཚོ་འོག་གཤོང་སར་སྨི་7000གི་ཆུའི་གཏིང་དུ་འཛུལ་བའི་ཚོད་ལྟ་ཐེངས་མང་བྱས་པ་དང་འབྲེལ་བདེ་འཇགས་ངང་ཕྱིར་ལོག་བྱས་ཏེ་རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞིའི“ཀླུ་མོ་རྟགས་ཅན་གྱི་འགག་རྩའི་ལས་སྒྲུབ་ལག་རྩལ་ནུས་པ་ཆེ་རུ་དང་དེ་བཞིན་ཚན་རིག་དང་མཐུན་པའི་བཀོལ་སྤྱོད”ཀྱི་སྨི་7000རིམ་པའི་མཚོ་སྐྱོད་ཚོད་ལྟ་ལེགས་གྲུབ་ཟིན་པ་དང་། དེའི་ནང་མཚོའི་གཏིང་དུ་འཛུལ་རིང་ཤོས་སྨི་7056.9ཟིན་ཡོད་པ་རེད།

འདི་ནི“ཀླུ་མོ”རྟགས་ཅན་མཚོ་ངོས་ནས་བསྡུ་བཞིན་པ།