《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年09月30日

ཀྲེ་ཅང་ཡུང་ཁང་དུ་ཀྲུང་གོའི་ལྕགས་རིགས་འགྲེམས་ཚོགས་སྐབས་31པ་གཉེར་འགོ་ཚུགས་པ།

ཉེ་ཆར། ཀྲུང་གོའི་ལྕགས་རིགས་འགྲེམས་ཚོགས་སྐབས་31པ་ཀྲེ་ཅང་ཡུང་ཁང་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འཚོགས་པ་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། སྐབས་འདིའི་ཀྲུང་གོའི་ལྕགས་རིགས་འགྲེམས་ཚོགས་ལ་ཁྱོན་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་1612ཞུགས་ཤིང་། ཡུང་ཝུའུ་ཅིན་ས་ཁོངས་ཀྱི་ཁེ་ལས་ཕུད་འགྲེམས་ཚོགས་ལ་ཞུགས་མཁན་ཁེ་ལས་གཞན་དག་གིས་བཟུང་བའི་བསྡུར་གྲངས་73.3%ཟིན་པ་དང་འགྲེམས་ཚོགས་ཀྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་8.9ཟིན་ཡོད། ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་300ཙམ་གྱིས་མངགས་ཐོ་ཁྱེར་ནས་འགྲེམས་ཚོགས་ལ་ཞུགས་ཡོད་པ་རེད། འདི་ནི་ཀྲེ་ཅང་ཡུང་ཁང་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་རྒྱལ་ཁབ་ཕྱི་ནང་གི་ཚོང་འགྲུལ་པས་ཀྲུང་གོའི་ལྕགས་རིགས་འགྲེམས་ཚོགས་སྐབས་31པའི་འགྲེམས་གནས་ཐོག་ལས་སྒོ་བགྲོ་གླེང་བྱེད་བཞིན་པ།