《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年09月16日

སི་རི་ལན་ཁ་ཀྲུང་གོའི་མཛའ་གྲོགས་རྩ་འཛུགས་ཀྱི་བཞུགས་མོལ་སྤེལ་རེས་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཁོ་ལོན་པོ་ནས་ཟླ་9ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། སི་རི་ལན་ཁ་ཀྲུང་གོའི་མཛའ་གྲོགས་རྩ་འཛུགས་ཀྱི་བཞུགས་མོལ་སྤེལ་རེས་ཚོགས་འདུ་སི་རི་ལན་ཁའི་རྒྱལ་ས་ཁོ་ལོན་པོ་རུ་འཚོགས་ཤིང་། ཀྲུང་གོ་དང་སི་རི་ལན་ཁའི་སྨྱན་སྦྱོར་དང་། རིག་མཛོད། མཐོ་སློབ་ཀྱི་འཐུས་མི་དང་དེ་བཞིན་སི་རི་ལན་ཁ་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་གཙོ་བོའི་འཐུས་མི་བཅས་ཀྱིས་ཀྲུང་གོ་དང་སི་རི་ལན་ཁའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བའི་ཐད་སྤེལ་རེས་བྱས་པ་རེད།