《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年09月15日

“ཐོན་སྐྱེད་ནུས་ཤུགས་གསར་མ། ཀྲུང་གོའི་ལག་ལེན་དང་འཛམ་གླིང་གི་དོན་སྙིང”ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི“ཐོན་སྐྱེད་ནུས་ཤུགས་གསར་མ། ཀྲུང་གོའི་ལག་ལེན་དང་འཛམ་གླིང་གི་དོན་སྙིང”ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་60ལྷག་ཙམ་གྱི་གཞུང་ཚབ་པ་དང་དེ་བཞིན་ཀྲུང་གོ་ཕྱོགས་ཀྱི་མཁས་དབང་མཉམ་དུ་འཛོམས་ནས་ཐོན་སྐྱེད་ནུས་ཤུགས་གསར་མའི་དུས་རབས་ཀྱི་ནང་དོན་དང་གོ་ལ་ཧྲིལ་པོའི་རིན་ཐང་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་རེད།

ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ཞིབ་འཇུག་ལྟེ་གནས་ཀྱི་དྲུང་ཆེ་ཀྲུང་གོ་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་གི་ཡོན་ཀྲང་ཁྲེན་པོ་ཡིས་བརྗོད་དོན། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་བ་དེས་ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ནུས་གལ་ཆེན་གྱི་ནུས་པ་འདོན་སྤེལ་རྒྱུན་མཐུད་བྱེད་པར་ཕན་པ་ཡོད་པ་དང་། རྒྱལ་ཁབ་ཁག་གི་གསར་གཏོད་མཉམ་ལས་ལ་གོ་སྐབས་གསར་པ་མཁོ་འདོན་བྱེད་པར་ཕན་པ་ཡོད་པ། གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ལ་མ་དཔེ་གསར་པ་མཁོ་འདོན་བྱེད་པར་ཕན་པ་ཡོད། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དེ་ཀྲུང་གོའི་བྱ་སྤྱོད་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་འགྱུར་བཞིན་ཡོད་པས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་དཔལ་འབྱོར་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་ཕན་ཐོགས་ཡོད་ལ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གསར་གཏོད་ཀྱི་རླབས་རྒྱུན་ཁྲོད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་ཡང་ཕན་ཐོགས་ཡོད།

ཀྲུང་གོར་བཅའ་སྡོད་ནི་ཀྲེ་རི་ཡའི་གཞུང་ཚབ་ཆེ་མོ་བ་ཏན་པ་ཙའོ་ཡིས་བརྗོད་དོན། ཀྲུང་གོས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་དུས་ལ་བབས་ཡོད། དེང་སྐབས་འཛམ་གླིང་ལ་གནམ་གཤིས་འགྱུར་ལྡོག་དང་། གྲངས་འཛིན་འཕོ་འགྱུར། མཁོ་སྤྲོད་འཁོར་འབྲེལ་བསྐྱར་འཛུགས་སོགས་ཀྱི་འགྲན་སློང་འཕྲད་བཞིན་ཡོད་པས། གསར་གཏོད་སྒུལ་ཤུགས་སུ་བྱས་པའི་ལྗང་མདོག་དང་ནུས་ཆེའི་ཐོན་སྐྱེད་ནུས་ཤུགས་དགོས་མཁོ་ཆེན་པོ་ཡོད།