ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཧོ་ལན་རི་བོའི་བྲག་བརྐོས་རི་མོ་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱུང་བར། 2020ལོར་རེས་སྐོར་གསར་པའི་ཕྱོགས་ཡོངས་ཀྱི་བསྐྱར་ཞིབ་ལས་དོན་སྤེལ་འགོ་ཚུགས་ཚུན། ཧོ་ལན་རི་བོ་ནས་རིམ་རྩིས་བརྒྱབ་ན་བྲག་བརྐོས་རི་མོ་500ལྷག་ཙམ་རྙེད་ཡོད་པ་རེད། ད་ཐེངས་གསར་དུ་རྙེད་པའི་བྲག་བརྐོས་རི་མོའི་ནང་མཐོང་དཀོན་པའི“རྟ་བཞིའི་ཤིང་རྟ་འཁོར་ལོའི”བྲག་བརྐོས་རི་མོ་ཞིག་ཡོད་པ་དེ་ནི་ཧོ་ལན་རི་བོའི་བྲག་བརྐོས་རི་མོའི་ནང་ནས་ཐོག་མར་རྙེད་པ་ཞིག་ཡིན་པ་དང་། རྒྱལ་ཡོངས་ཀྱི་བྲག་བརྐོས་རི་མོའི་ནང་དུའང་མཐོང་དཀོན་པ་ཞིག་ཡིན་པ་དེས་ས་གནས་དེ་གའི་རིགས་གཅིག་པའི་བརྗོད་བྱའི་སྟོང་ཆ་བསྐངས་ཡོད། ཧོ་ལན་རི་བོའི་ཤར་རིའི་དཀྱིལ་འདབས་སུ་གནས་པའི་ཧོ་ལན་རི་བོའི་བྲག་བརྐོས་རི་མོ་སྲུང་སྐྱོང་ཁུལ་ནི་ཧོ་ལན་རི་བོའི་བྲག་བརྐོས་རི་མོ་གཅིག་སྡུད་ཆེ་ཤོས་དང་མཚོན་བྱེད་རང་བཞིན་ཆེ་ཤོས་ལྡན་པའི་ས་ཁོངས་ཤིག་རེད། དེ་གོང་བརྟག་དཔྱད་བྱེད་རིང་བྲག་བརྐོས་རི་མོ་6000ཙམ་རྙེད་པའི་ཁྲོད་མིའི་ངོ་རིས་700ལྷག་ཙམ་ཡོད་པ་རེད།