འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་པི་སི་ཁེག་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་6ཉིན། ཀྲུང་གོའི་གནམ་གྲུའི་སྨན་ཁང་ཐོག་མ་སྟེ། “དབང་པོ་ལྔའི་བདེ་ཐང་གི་C909གནམ་གྲུའི་སྨན་ཁང”སྒུལ་བདེའི་ལས་སྟེགས་སུ་བྱས་པའི“འོད་ཟེར་ལམ་བུའི”སྨན་བཅོས་ཚོགས་པའི་དུས་འགོའི་ཁོངས་མི་ཀྲུང་གོའི་ཧྲང་ཧའེ་ནས་ཐོན་ཏེ། ཁེར་གྷི་སི་ཐན་གྱི་རྒྱལ་ས་པི་སི་ཁེག་ཏུ་འབྱོར་ནས་དུས་ཡུན་གཟའ་འཁོར་གསུམ་གྱི་སྤྱི་ཕན་བྱ་སྤྱོད་སྤེལ་འགོ་ཚུགས་པ་རེད།
“དབང་པོ་ལྔའི་བདེ་ཐང་གི་C909གནམ་གྲུའི་སྨན་ཁང”ནི་ཧྥུའུ་ཏན་སློབ་ཆེན་གྱི་ཞོར་གཏོགས་དབང་པོ་ལྔའི་ཚན་ཁག་གི་སྨན་ཁང་དང་ཀྲུང་གོའི་ཚོང་སྤྱོད་གནམ་གྲུ་ཚད་ཡོད་འགན་འཁྲི་ཀུང་སིས་མཉམ་དུ་ཞིབ་སྤེལ་བྱས་པ་ཞིག་རེད། རྒྱལ་ཐོན་C909གནམ་གྲུར་བརྟེན་ཏེ་ཀྲུང་གོས་རང་བརྟེན་ཞིབ་བཟོ་བྱས་པའི་རིག་ནུས་ཅན་གྱི་ནད་བརྟག་སྨན་བཅོས་ཀྱི་སྒྲིག་ཆས་བླུགས་པ་བརྒྱུད། དབྱེ་བཤེར་དང་། ནད་བརྟག་སྨན་བཅོས། གཤགས་བཅོས། ཁམས་གསོ་བཅས་ལ་ཁྱབ་པའི་འཁོར་འབྲེལ་ཧྲིལ་པོའི་སྒུལ་བདེའི་སྨན་བཅོས་ལས་སྟེགས་གྲུབ་ཡོད། རྣམ་པ་དེ་བརྒྱུད་རྒྱལ་ཐོན་གནམ་གྲུ་དང་། སྨན་བཅོས་སྒྲིག་ཆས། འཕྲུལ་ཚང་གཤགས་བཅོས་ཁང་། སྔོན་ཐོན་གྲངས་འཛིན་ལག་རྩལ་སོགས་ཕྱོགས་ཡོངས་ནས་གཏོང་འདྲེན་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཆེད་ཚན་སྨན་བཅོས་ཐོན་ཁུངས་ཁ་ཐང་བའི་གནད་དོན་ཐག་གཅོད་བྱེད་པར་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད། (བསྟན་བཟང་གིས་བསྒྱུར། སྤེན་ཚེ་དང་བསྟན་བཟང་གིས་ཞུས)