ཟླ་9ཚེས་6ཉིན། 2026ལོའི་ཀྲུང་གོ(དབྱི་ཝུའུ)རྒྱལ་སྤྱིའི་བཟོ་ལས་འགྲེམས་ཚོགས་དང་ཀྲེ་ཅང(དབྱི་ཝུའུ)ཐུམ་སྒྲིལ་པར་འདེབས་འགྲེམས་ཚོགས་དབྱི་ཝུའུ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་དུས་གཅིག་ལ་འགོ་ཚུགས་པ་རེད། འགྲེམས་ཚོགས་དུས་ཡུན་ཉིན་3ཡིན་པ་དང་། དེའི་རིང་བཟོ་ལས་བཟོ་སྐྲུན་དང་ཐུམ་སྒྲིལ་པར་འདེབས་ཁྱབ་ཁོངས་ཀྱི་རྩེར་སོན་སྒྲིག་ཆས་དང་། གསར་གཏོད་ལག་རྩལ། ཐོན་རྫས་སྤུས་ལེགས་བཅས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཏེ། ཐོན་ཁུངས་གསབ་རེས་དང་། ཐོན་ལས་བརྩེགས་སྣོན་གྱི་དམིགས་བསལ་ལེགས་ཆ་གྲུབ་པར་བྱས་པས། རྒྱལ་ཁབ་ཕྱི་ནང་གི་ཆེད་ལས་ཉོ་སྒྲུབ་ཚོང་པ་དང་ལས་རིགས་དེར་ཞུགས་མཁན་འགྲེམས་ཚོགས་ལ་ལྟ་སྐོར་རྟོག་ཞིབ་དང་མཉམ་ལས་གྲོས་མོལ་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་སྟེ་རྒྱལ་ཡོངས་བཟོ་སྐྲུན་ཚོང་དོན་ལས་རིགས་ལ་མཁོ་སྤྲོད་སྦྲེལ་མཐུད་དང་། ཚོང་དོན་སྦྲེལ་མཐུད། ལག་རྩལ་གྱི་མཐུན་རྐྱེན་སྦྱོར་བ་བཅས་ལ་ཆེད་ལས་ཅན་གྱི་མཉམ་ལས་ལས་སྟེགས་བསྐྲུན་ཡོད།
འདི་ནི་ཟླ་9ཚེས་6ཉིན། ཀྲེ་ཅང་དབྱི་ཝུའུ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་དབྱི་རན་གྱི་ཚོང་པས་2026ལོའི་ཀྲུང་གོ(དབྱི་ཝུའུ)རྒྱལ་སྤྱིའི་བཟོ་ལས་འགྲེམས་ཚོགས་ནས་མཁའ་རླུང་སྙོམས་ཆས་ཉོ་སྒྲུབ་ཀྱི་གྲོས་མོལ་བྱེད་བཞིན་པ།