འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་7ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་གྲངས་གཞི་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་7པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་རིག་རྩིས་ཀྱི་སྤྱིའི་གཞི་ཁྱོན་PFLOPS(FP16)ཁྲི་245ཟིན་ཡོད་པ་དང་། རྒྱལ་ཁབ་རྩིས་ནུས་ལྟེ་གནས་ཆེན་པོ་བརྒྱད་དང་རྩིས་གློག་མཐུད་སྦྱོར་འཕེལ་རྒྱས་ཁུལ་གསུམ་དུ་བསྐྲུན་ཟིན་པའི་རིག་རྩིས་གཞི་ཁྱོན་གྱིས་རྒྱལ་ཡོངས་ཀྱི་བསྡུར་ཚད་ཀྱི་85%ལྷག་ཙམ་བཟུང་ཡོད།
གཞན་ཡང་། མིག་སྔར་རྒྱལ་ཁབ་རིམ་པའི་ལྟ་ཞིབ་ཚད་ལེན་བཀོད་གཏོང་ལས་སྟེགས་མགྱོགས་མྱུར་སྐྲུན་བཞིན་ཡོད་པ་དང་། PFLOPS(FP16)ཁྲི་145ཡོད་པའི་རིག་ནུས་རྩིས་རྒྱག་དེ་ལྟ་ཞིབ་ཚད་ལེན་ཁྱབ་ཁོངས་ནང་བཅུག་པ་དེས་རྒྱལ་ཡོངས་ཀྱི་རིག་རྩིས་ཀྱི་སྤྱིའི་གཞི་ཁྱོན་གྱི་60%ཙམ་བཟུང་བ་དང་། རྩིས་ནུས་ཐོན་ཁུངས་ལེགས་བསྡུས་ཅན་གྱི་བེད་སྤྱོད་དང་གཞི་གཅིག་ཅན་གྱི་བཀོད་གཏོང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།
(བསྟན་འཛིན་གྱིས་བསྒྱུར། པ་ཕན་གྱིས་ཞུས)