《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年09月09日

རྒྱང་སྐྱོད་ལ་ཐོན་ས་ནས་མཐའ་མ་འབྱོར་སའི་བར་མྱུར་བགྲོད་མེ་འཁོར་ཤར་གཏོང་ཐུབ་པ།

འདི་ནི་ཟླ་9ཚེས་6ཉིན་རུའེ་ཅིན་ནས་ཡན་ཨན་བར་གྱི་མྱུར་བགྲོད་མེ་འཁོར་ཐོག་མ་G3998རུའེ་ཅིན་འབབ་ཚུགས་ནས་གཏོང་གྲབས་ཡོད་པ།

འདི་ནི་ཟླ་9ཚེས་6ཉིན་མེ་འཁོར་ཐེངས་G3998ཅིང་ཀང་མྱུར་བགྲོད་ལྕགས་ལམ་གྱི་ཅང་ཤིས་ཤིང་གོ་ལམ་དུམ་དུ་སྐྱོད་བཞིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་6ཉིན་གྱི་ཆུ་ཚོད་11དང་སྐར་མ་02ཙམ་ལ། རུའེ་ཅིན་ནས་ཡན་ཨན་བར་གྱི་ཤར་སྐྱོད་མྱུར་བགྲོད་མེ་འཁོར་ཐོག་མ་བསྐྱར་དར་རྟགས་ཅན་G3998བཏང་བ་རེད། མེ་འཁོར་རུའེ་ཅིན་འབབ་ཚུགས་ནས་ཐོན་ཏེ་ལམ་བར་དུ་ཡུས་ཏུའུ་དང་། ཀན་རྫོང་བྱང་ངོས། ཅི་ཨན་ནུབ་མ། ཞ་ཅང་། ཧྥེང་ཁྲེང་ཤར། ནན་ཁྲང་ནུབ། ཀུང་ཆིང་གྲོང་། ལུའུ་ཧྲན། རུའེ་ཁྲང་ནུབ། ཧྥེང་ལིན། ཝུའུ་ཧན་ཤར། མན་ཁྲོན་ཀོན། ཤིས་ཨན་ཤར་སོགས་འབབ་ཚུགས་བརྒྱུད་ཅིང་། ཆུ་ཚོད་22དང་སྐར་མ་34ཙམ་ལ་ཡན་ཨན་འབབ་ཚུགས་སུ་འབྱོར་བ་དང་ལམ་ཐག་ཧྲིལ་པོར་ཆུ་ཚོད་11དང་སྐར་མ་31ཙམ་དང་སྤྱིའི་ལམ་ཚད་ལ་སྤྱི་ལེ་1800ལྷག་ཙམ་ཟིན་ཡོད། དེ་ཐོག་ནས་ཀྲུང་དབྱང་དམར་དམག་རྒྱང་སྐྱོད་ལ་ཐོན་ས་ཅང་ཤིས་རུའེ་ཅིན་ནས་མཐའ་མའི་འབྱོར་ས་ཧྲའན་ཤིས་ཡན་ཨན་བར་མྱུར་བགྲོད་མེ་འཁོར་ཤར་གཏོང་ཐུབ་པ་མཚོན་ཡོད།

ལོ་ངོ་90ལྷག་གི་སྔོན་དུ། ཀྲུང་དབྱང་དམར་དམག་གསར་བརྗེའི་ཡུལ་གྲུ་རུའེ་ཅིན་ནས་རྡོག་ཐོན་བྱས་ཏེ་ལོ་གཅིག་ལྷག་ཙམ་སོང་རྗེས་ཧྲའན་པེ་རུ་འབྱོར་བ་དང་། ལམ་ལ་ཆས་པ་ནས་རྒྱལ་ཁ་ཐོབ་པའི་བར་གྱི་རྒྱང་སྐྱོད་རླབས་པོ་ཆེ་ལེགས་གྲུབ་བྱུང་ཡོད། ད་ཆ་མྱུར་བགྲོད་མེ་འཁོར་གྱི་ལྕགས་ལམ་ལམ་ཐིག་7ལ་བརྟེན་ནས་ཀན་རུའེ་ལུང་ལྕགས་ལམ་དང་། ཅིང་ཀང་མྱུར་བགྲོད་ལྕགས་ལམ། ཤི་ཡན་མྱུར་བགྲོད་ལྕགས་ལམ་སོགས་མ་ལམ་བརྒྱུད་བཞིན་ཡོད་ཅིང་། མེ་འཁོར་གཏོང་འགོ་ཚུགས་པ་དེས་རུའེ་ཅིན་དང་ཡན་ཨན་བར་དུ་མྱུར་བགྲོད་མེ་འཁོར་ཉིན་དེ་རང་ལ་འབྱོར་ཐུབ་པ་དང་། གསར་བརྗེའི་ཞིབ་སྦྱོང་སྤེལ་རེས་དང་། རིག་གནས་ཡུལ་སྐོར་མཉམ་ལས་གཏིང་ཟབ། གསར་བརྗེའི་ཁུལ་རྙིང་མཐུན་སྦྱོར་འཕེལ་རྒྱས་བཅས་ལ་འགྲིམ་འགྲུལ་གྱི་འདེགས་སྐྱོར་བྱས་ཡོད།