ཟླ་བརྒྱད་པའི་ཟླ་མཇུག་བར་རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར་34383ཟིན་པ་དེ་ཟླ་7པའི་ཟླ་མཇུག་ལས་ཨ་སྒོར་དུང་ཕྱུར་195འཕར་བ་དང་འཕར་ཚད་0.57%ཟིན་ཡོད་པ་རེད།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་7ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ཟླ་བརྒྱད་པའི་ཟླ་མཇུག་བར་རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར་34383ཟིན་པ་དེ་ཟླ་7པའི་ཟླ་མཇུག་ལས་ཨ་སྒོར་དུང་ཕྱུར་195འཕར་བ་དང་འཕར་ཚད་0.57%ཟིན་ཡོད་པ་རེད།
ཟླ་བརྒྱད་པར། གོ་ལ་ཧྲིལ་པོའི་སྤྱི་ཁོག་དཔལ་འབྱོར་གྱི་གྲངས་གཞི་དང་དཔལ་འབྱོར་དངོས་ཚན་གཙོ་བོའི་དངུལ་ལོར་སྲིད་ཇུས་ཀྱི་སྔོན་དཔག་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་ནས་ཨ་སྒོར་གྱི་སྟོན་གྲངས་ཆག་པ་དང་གོ་ལ་ཧྲིལ་པོའི་དངུལ་རྩའི་རྒྱུ་ནོར་གཙོ་བོའི་རིན་གོང་མཚོན་ཚུལ་ཅུང་ཙམ་ཁ་ཐོར་བྱུང་ཡོད། འཛའ་ཐང་ཕབ་རྩིས་དང་རྒྱུ་ནོར་གྱི་རིན་གོང་འགྱུར་ལྡོག་སོགས་ཀྱི་རྒྱུ་རྐྱེན་གྱི་ཕྱོགས་བསྡུས་ནུས་པའི་འོག་ཟླ་འདིའི་ཕྱི་དངུལ་གྲབས་གསོག་གི་གཞི་ཁྱོན་འཕར་ཡོད། རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་སྤྱི་ཡོངས་ནས་བརྟན་པོ་དང་བརྟན་ཁྲོད་ཡར་འཕེལ་བྱུང་ནས་སྙུགས་ཤེད་དང་གསོན་ཤུགས་ཆེན་པོ་མངོན་ཏེ་ཕྱི་དངུལ་གྲབས་གསོག་གི་གཞི་ཁྱོན་སྤྱིར་ན་བརྟན་པོ་རྒྱུན་འཁྱོངས་ཡོང་རྒྱུར་འདེགས་སྐྱོར་ཐུབ་ཡོད།