འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་རྒྱལ་སྤྱིའི་ཚོང་ཚོགས་ཤང་ཀང་འབྲེལ་གཏུག་ཁྲུའུ་ཡི་སྒོ་བྱང་ཤང་ཀང་དུ་དངོས་སུ་བཀལ་བ་རེད། ཞིང་ཆེན་ཚོང་དོན་ཐིང་དང་ནུབ་རྒྱུད་གཏེར་ལས་ཚོགས་པ(ཤང་ཀང)ཚད་ཡོད་ཀུང་སིའི་འགན་འཁུར་བློ་མཐུན་བྱེད་སྒོར་ཞུགས་ནས་མཉམ་དུ་སྒོ་བྱང་བཀལ་བ་རེད།
མཚོ་སྔོན་ཞིང་ཆེན་རྒྱལ་སྤྱིའི་ཚོང་ཚོགས་ཤང་ཀང་འབྲེལ་གཏུག་ཁྲུའུ་བཙུགས་པ་ནི་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་བཀོད་སྒྲིག་བླང་བྱ་དོན་ཐོག་ཏུ་འཁྱོལ་བའི་བྱ་ཐབས་གལ་ཆེན་ཞིག་རེད། འབྲེལ་གཏུག་ཁྲུའུ་ཡིས་ནུབ་རྒྱུད་གཏེར་ལས་ཚོགས་པ(ཤང་ཀང)ཚད་ཡོད་ཀུང་སི་གཉེར་སྐྱོང་གི་གཞི་རྟེན་དུ་བྱས་ཏེ། ཤང་ཀང་དང་ཨའོ་མོན་ས་ཁུལ་དུ་རྒྱུན་རྣམ་ཅན་གྱི་དཔལ་འབྱོར་ཚོང་དོན་འབྲེལ་གཏུག་ལས་སྟེགས་བསྐྲུན་རྒྱུ་རེད། འབྲེལ་གཏུག་ཁྲུའུ་ཡིས་སྐར་ཁུང་དང་འབྲེལ་ཟམ་ནུས་པ་གང་ལེགས་བཏོན་ཏེ། སྲིད་འཛིན་དང་ཁེ་ལས་འབྲེལ་གཏུག་དང་། རྣམ་གྲངས་ཀྱི་ངོ་འཕྲད་གྲོས་མོལ། ཚོང་དོན་མཉམ་ལས་བཅས་ཀྱི་བགྲོད་ལམ་གཏོད་པ་དང་། ཤང་ཀང་དང་ཨའོ་མོན་གྱི་བྱང་ཆུབ་པའི་ཕྱི་ཕྱོགས་ཚོང་དོན་དྲ་རྒྱ་དང་ཚོགས་འགྲེམས་ཐོན་ཁུངས་ལ་བརྟེན་པ། མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་དང་། ཁྱད་ལྡན་རིག་གནས་ཡུལ་སྐོར། ནུས་རྒྱུ་གཙང་མ་སོགས་ཀྱི་ལེགས་ཆའི་ཐོན་ལས་འོས་སྦྱོར། “མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན”གྱི་སྤྱི་སྤྱོད་སྤུས་རྟགས་ཁྱབ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས། ཞིང་ཆེན་ནང་ཁུལ་གྱི་གཉེར་སྐྱོང་བྱེད་པོའི་ཚོང་ཟོག་ཕྱི་རྒྱལ་དུ་འཚོང་བའི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་ཚོང་འགུགས་མཐུན་སྦྱོར་བྱས་ནས་ཤང་ཀང་དང་ཨའོ་མོན་གྱི་མ་རྩ་ནང་འདྲེན་དང་སྤུས་ལེགས་ཐོན་ལས་ལས་རྣམ་མཚོ་སྔོན་དུ་དོན་འཁྱོལ་ཐུབ་པར་རམ་འདེགས་བྱ་རྒྱུ་རེད།