མཛོད་དགེ་འདམ་ར་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩ་གསོ་འཁྱོངས་ཁུལ་གལ་ཆེན་ཞིག་ཡིན་པ་དང་། འདམ་ར་མང་ཆེ་བ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་རུ་གནས་ཡོད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གས་རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭ་ལག་ལེན་བསྟར་ཏེ། རྨ་ཆུའི་ཆུ་གཞུང་ཨ་མའི་ཆུ་ངོགས་སྲུང་སྐྱོང་བརྟན་དུ་དང་། གཏེར་རིའི་སྐྱེ་ཁམས་ཉམས་གསོ། ཆུ་ངོགས་ཉམས་གསོ། རྩྭ་ས་བྱེ་འགྱུར་སྐྱེ་ཁམས་བཅོས་སྐྱོང་། འདམ་ར་ཉམས་གསོ་ཆུ་སྲུང་སོགས་ཀྱི་བཅོས་སྐྱོང་དང་ཉམས་གསོའི་ལས་དོན་སྤེལ་ཞིང་། མིག་སྔའི་བར་སྐྱེ་ཁམས་ཉམས་གསོའི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་23.25ཟིན་ཡོད་པ་རེད། འདི་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཀྲོའུ་རྔ་བ་རྫོང་ནས་པར་བླངས་པའི་རྨ་ཆུའི་རིམ་པ་དང་པོའི་ཆུ་ལག་རྒྱ་ཆུའི་ཆུ་ངོགས་ཉམས་གསོའི་ལས་གྲྭ་ཡིན་པ།