《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年08月20日

2026ལོའི“ཀྲུང་གོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”ཨོ་སི་ཁྲུ་རི་ཡར་འགོ་ཚུགས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝི་ཨེན་ན་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་15ཉིན་གྱི་དགོང་མོར། ཨོ་སི་ཁྲུ་རི་ཡའི་རྒྱལ་ས་ཝི་ཨེན་ནའི་མུའུ་ཐེ་ཟློས་གར་ཁང་དུ་2026ལོའི“ཀྲུང་གོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”དང་ཀྲུང་གོའི་ཟློས་གར་རྒྱལ་སྤྱིའི་འགྲེམས་འཁྲབ་འགོ་ཚུགས་པ་རེད། ཞ་མོན་གྲོང་ཁྱེར་ཅིན་ལེན་ཧྲེང་ཀའོ་ཅ་ཟློས་གར་ཚོགས་པས་འཁྲབ་སྟོན་དུས་ཚིགས་ཀྱི་འཁྲབ་ཚན་ཐོག་མ་སྟེ། ཀའོ་ཅ་ཟློས་གར《ཤིང་ཏོག་ལི་ཀྲེ་དང་མེ་ལོང་ལས་ཁྲེན་སན་དང་ཝུའུ་ཉང་དབར་ལ་ལས་འཕྲོའི་མདུད་པ་ཐེབས》ཞེས་པ་འཁྲབ་སྟོན་བྱས་པར་ལྟད་མོ་བ་ཚོའི་དགའ་བསུ་ཆེན་པོ་ཐོབ་པ་རེད།

ད་ཐེངས་ཀྱི་འཁྲབ་སྟོན་དུས་ཚིགས་ཀྱི་བྱེད་སྒོ་ཀྲུང་གོ་གླུ་གར་ཞིབ་འཇུག་ལྷན་ཚོགས་དང(ཡོ་རོབ)རྒྱལ་སྤྱིའི་རིག་གནས་སྤེལ་རེས་མཉམ་ལས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། 2026ལོར་ལྟད་མོ་བ་ཚོར་ཀའོ་ཅ་ཟློས་གར་དང་། ཅིང་ཅུས་ཁྲང་ཞི། ཧོང་མེ་ཟློས་གར། ཨན་ཧུའེ་ཟློས་གར་སོགས་རིམ་པ་བཞིན་འཁྲབ་སྟོན་བྱ་རྒྱུ་ཡིན་པ་རེད། (བསྟན་འཛིན་གྱིས་བསྒྱུར། བསྟན་འཛིན་དང་ཚེ་ཁོས་ཞུས)