《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年08月20日

ཟླ་6པའི་ཟླ་མཇུག་བར་གློག་སྒུལ་མོ་ཊའི་གློག་གསོག་རྨང་གཞིའི་སྒྲིག་བཀོད་ཀྱི་བསྡོམས་འབོར་དུས་མཚུངས་ལས་43.2%འཕར་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་8ཚེས་14ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་6པའི་ཟླ་མཇུག་བར་རང་རྒྱལ་གྱི་གློག་སྒུལ་མོ་ཊའི་གློག་གསོག་རྨང་གཞིའི་སྒྲིག་བཀོད(གློག་མདའ)བསྡོམས་ཁྲི་2305.7ཟིན་པ་དེ་དུས་མཚུངས་ལས་43.2%འཕར་ཡོད། དེའི་ནང་སྤྱི་པའི་གློག་གསོག་སྒྲིག་བཀོད(གློག་མདའ)ཁྲི་500.9ཟིན་པ་དེ་དུས་མཚུངས་ལས་22.3%འཕར་བ་དང་། ཚད་བཅད་ནུས་ཚད་ཆན་ཝ་དུང་ཕྱུར་2.47ཟིན་པ་དང་གློག་མདའ་རྐྱང་པའི་ཆ་སྙོམས་ནུས་ཚད་ཆན་ཝ་49.35ཙམ་ཟིན་གྱི་ཡོད། སྒེར་གྱི་གློག་གསོག་སྒྲིག་བཀོད(གློག་མདའ)ཁྲི་1804.8ཟིན་པ་དེ་དུས་མཚུངས་ལས་50.4%འཕར་བ་དང་རེ་ཞུ་བྱས་ནས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་སྤྱོད་ཚད་ཆན་ཧྥུའུ་ཨན་དུང་ཕྱུར་1.55ཟིན་ཡོད།

ད་ལོའི་ལོ་སྟོད་དུ་གློག་སྒུལ་མོ་ཊའི་གློག་གསོག་དྲ་རྒྱ་འཕེལ་རྒྱས་མྱུར་པོ་བྱུང་ནས་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། ནུས་ཚད་ཆེ་བའི་གློག་གསོག་སྒྲིག་བཀོད་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རྫོང་དང་ཤང་གི་གློག་གསོག་དྲ་རྒྱའི་བཀོད་པ་རྒྱུན་མཐུད་ལེཌ་སུ་ཕྱིན་ནས་ཟླ་6པའི་ཟླ་མཇུག་བར་རྫོང་ཁོངས་སུ་གློག་གསོག་སྒྲིག་བཀོད་ཁྱབ་ཚད་98.61%བར་མཐོ་རུ་ཕྱིན་པ་དང་། རྫོང་དང་ཤང་གི་གློག་གསོག་དྲ་རྒྱ་གང་མགྱོགས་ཚགས་དམ་དུ་ཕྱིན་ཏེ་ཤང་དང་གྲོང་རྡལ་གྱི་ས་ཁོངས་གློག་གསོག་ཞབས་ཞུའི་འགན་ལེན་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད།