《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年08月20日

ཟླ་དང་པོ་ནས་བདུན་པ་བར་རྫོང་དང་ཤང་གི་འཛད་རྫས་སིལ་ཚོང་དངུལ་འབོར་གྱིས་སྤྱི་ཚོགས་སིལ་ཚོང་དངུལ་འབོར་ནང་བཟུང་བའི་བསྡུར་ཚད་39.1%ཟིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་8ཚེས་18ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཟླ་དང་པོ་ནས་བདུན་པ་བར། གྲོང་གསེབ་ཀྱི་འཛད་རྫས་སིལ་ཚོང་དངུལ་འབོར་རིམ་རྩིས་བརྒྱབ་ན་དུས་མཚུངས་ལས་2.4%འཕར་བ་དེ་གྲོང་ཁྱེར་དང་གྲོང་རྡལ་ལས་བརྒྱ་ཆའི་གྲངས་1.3གྱིས་མཐོ་བ་དང་། ཟླ་55བསྟུད་མར་གྲོང་ཁྱེར་དང་གྲོང་རྡལ་ལས་མཐོ་བའམ་ཡང་ན་སྤྱིར་ན་གཅིག་མཚུངས་རེད། རྫོང་དང་ཤང་གི་འཛད་རྫས་སིལ་ཚོང་དངུལ་འབོར་གྱིས་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་དངུལ་འབོར་ནང་བཟུང་བའི་བསྡུར་ཚད་39.1%ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.3འཕར་ཡོད་པ་རེད།

གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་ལས་འཕར་སྣོན་ཧ་ཅང་ཆེན་པོ་བྱུང་ནས། རྫོང་ཁོངས་ཀྱི་མི་འབོར་རིམ་བཞིན་གྲོང་གསེབ་ནས་རྫོང་གྲོང་དུ་གཅིག་སྡུད་བྱུང་ཡོད། ཡོང་འབབ་འཕར་བ་ལས་སྒུལ་ཤུགས་ཆེ་རུ་ཕྱིན་ཞིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་རིམ་རྩིས་བརྒྱབ་ན་42.8%འཕར་བ་དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ལས་བརྒྱ་ཆའི་གྲངས་13.9ཡིས་མཐོ་བ་ཡོད། རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་ཚོང་ལས་དྲ་ཚིགས་རྒྱུན་མཐུད་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ཟོག་འགྲུལ་སྡེབ་སྐྱེལ་དྲ་རྒྱ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ། རིགས་འབྲེལ་སྤུས་རྟགས་མགྱོགས་མྱུར་ཁྱབ་བཀོད་བཅས་བྱུང་ནས། འཛད་སྤྱོད་གདམ་ག་སྔར་བས་མང་དུ་སོང་ཡོད་པ་རེད།

(ཕུར་སྒྲོན་གྱིས་བསྒྱུར། སྤེན་ཚེས་ཞུས)