ཉིན་ཤས་གོང་། ཀན་སུའུ་ལུང་ནན་གྲོང་ཁྱེར་གྱིས་ཆུ་ལོག་སྔོན་འགོག་གི་རིམ་གཉིས་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་ཤིང་། རྫོང་དང་ཆུས་ཁག་དང་སྡེ་ཚན་ཁག་གིས་ནུས་ཤུགས་ཡོད་རྒུས་མངོན་མེད་རྐྱེན་ངན་གྲལ་བཤེར་དང་རྨང་གཞིའི་སྒྲིག་བཀོད་མྱུར་བཟོ་བྱས་ཏེ། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱས་པ་རེད།
འདི་ནི་ཉེ་ཆར་ལུང་ནན་གྲོང་ཁྱེར་ཝུའུ་ཏུའུ་ཆུས་ཧྥེང་ཞང་ཤང་ཚའོ་ཕིང་གྲོང་ཚོར་གཞུང་ལམ་ཉེན་སེལ་མི་སྣས་S206ལམ་གྱི་རི་ཉིལ་སར་ས་རྡོ་གཙང་སེལ་བྱེད་བཞིན་པ།