《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年08月01日

《རྒྱལ་སྤྱིའི་དུས་བབ་དང་ཀྲུང་གོའི་ཕྱི་འབྲེལ་སྐོར་གྱི་རྒྱབ་ཤ་སྔོན་པོའི་དེབ(2025/2026)》འགྲེམས་སྤེལ་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་29ཉིན《རྒྱལ་སྤྱིའི་དུས་བབ་དང་ཀྲུང་གོའི་ཕྱི་འབྲེལ་སྐོར་གྱི་རྒྱབ་ཤ་སྔོན་པོའི་དེབ(2025/2026)》པེ་ཅིང་དུ་འགྲེམས་སྤེལ་བྱས་པ་རེད། དེབ་དེ་ནི་2025ལོའི་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གསར་གཏོད་ལ་བརྒྱུད་རིམ་ལྡན་པའི་གསལ་འགྲེལ་བྱས་པ་དང་། 2025ལོའི་རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་གི་གནས་ཚུལ་གསར་པར་དབྱེ་ཞིབ་གཏིང་ཟབ་བྱས་པ། 2025ལོའི་ཀྲུང་གོའི་ཕྱི་འབྲེལ་དང་ཀྲུང་ཕྱིའི་འབྲེལ་བར་ཐོབ་པའི་གྲུབ་འབྲས་གསར་པ་དང་འཕེལ་རིམ་གསར་པར་ཕྱོགས་ཡོངས་ནས་གསལ་འགྲེལ་བྱས་ཡོད།

རྒྱབ་ཤ་སྔོན་པོའི་དེབ་ནང་། 2025ལོར་འགྱུར་ལྡོག་གཏིང་ཟབ་འགྲོ་བའི་རྒྱལ་སྤྱིའི་དུས་བབ་ལ་ཕྱོགས་སྐབས་རྒྱལ་ཁབ་ཀྱི་གཙོ་བདག་གི་ཕྱི་འབྲེལ་སྣེ་ཁྲིད་འོག་ཀྲུང་གོས་འཕེལ་ཕྱོགས་ཆེན་པོ་དོན་གཉེར་དང་། འགན་འཁྲི་ཆེན་པོ་འཁུར་བ། བགྲོད་ལམ་ཆེ་མོར་བསྐྱོད་པ་བཅས་མཐའ་འཁྱོངས་བྱེད་པ་དང་། གླེང་མོལ་བྱེད་པ་ལས་འགྲན་རྒོལ་མི་བྱེད་པ་དང་རོགས་ཟླ་སྒྲིག་པ་ལས་མནའ་འབྲེལ་མི་བྱེད་པ་མཐའ་འཁྱོངས་བྱེད་པ། ཞི་བདེ་མཉམ་གནས་དང་། སྤྱི་ཡོངས་བརྟན་ལྷིང་། དོ་སྙོམས་འཕེལ་རྒྱས་བཅས་ཀྱི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་རྣམ་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། མཐའ་འཁོར་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་ཞི་བདེ་དང་། བདེ་འཇགས། དར་རྒྱས། མཛེས་སྡུག མཛའ་གྲོགས་བཅས་ཀྱི“ཁྱིམ་གཞིས་ཆེན་པོ་ལྔ”བསྐྲུན་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་ཧུར་ཐག་གཏོང་བ། གོ་ལ་ཧྲིལ་པོའི་སྒོ་དབྱེ་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་བྱ་གཞག་བཅས་གཏོད་ཆེད་ལེགས་སྐྱེས་གསར་པ་ཕུལ་བའི་ངོས་འཛིན་བྱས་ཡོད།