ཉེ་བའི་ལོ་ཤས་རིང་། ཧུའུ་པེ་ཞིང་ཆེན་ཏ་ཡེ་གྲོང་ཁྱེར་གྱིས་ཕུན་སུམ་ཚོགས་པའི་གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་གསར་བརྗེའི་ཡུལ་སྐོར་ལམ་ཐིག་དང་། གསར་བརྗེའི་སློབ་ཚན་རྩེ་གྲ་རྒྱུན་མཐུད་བཏོན་པ་དང་། ས་གནས་ས་ཐོག་ཏུ་ལྟ་སྐོར་དང་ཡུལ་ལྗོངས་རྣམ་པའི་ཉམས་ལེན་སོགས་བྱས་པ་བརྒྱུད་ཞིབ་སློབ་ཡུལ་སྐོར་ཚོགས་པ་མང་པོ་དེར་ཉམས་ལེན་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། འདི་ནི་སློབ་ཆུང་སློབ་མ་ཚོས་ཏ་ཡེ་གྲོང་ཁྱེར་དུ་གནས་པའི་དམར་དམག་འབུམ་ཤོག་གསུམ་པའི་དམག་བཙུགས་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་བཞིན་པ།