《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年07月31日

སྤྲོ་གསེང་རོལ་རྩེད་སྒྲིག་བཀོད་ཆེ་གྲས་ཀྱི་བདེ་འཇཌ་ཁྱབ་ཁོངས་ཀྱི་རྨང་གཞིའི་རང་བཞིན་དང་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞིར་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། སྤྲོ་གསེང་རོལ་རྩེད་ཁང་དང་མཛེས་ལྗོངས་ཁུལ་གྱི་སྤྲོ་གསེང་རོལ་རྩེད་སྒྲིག་བཀོད་ཆེ་གྲས་ཀྱི་བདེ་འཇགས་ཀྱི་མཐའ་ཚད་ཕྱོགས་ཡོངས་ནས་བརྟན་དུ་བཏང་སྟེ་སྤྲོ་གསེང་རོལ་རྩེད་སྒྲིག་བཀོད་ཆེ་གྲས་འཆར་འགོད་དང་། བཟོ་བ། སྒྲིག་སྦྱོར། བེད་སྤྱོད་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ལག་རྩལ་གྱི་བླང་བྱ་ཚད་ལྡན་དུ་གཏོང་ཆེད། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《སྤྲོ་གསེང་རོལ་རྩེད་སྒྲིག་བཀོད་ཆེ་གྲས་ཀྱི་བདེ་འཇགས་ཀྱི་བླང་བྱར(བསམ་འཆར་བསྡུ་ལེན་མ་ཟིན)》བཟོ་བཅོས་བརྒྱབ་སྟེ་ད་ལྟ་སྤྱི་ཚོགས་ཡོངས་ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱ་རྒྱུ་རེད།

རང་རྒྱལ་གྱི་སྤྲོ་གསེང་རོལ་རྩེད་སྒྲིག་བཀོད་ཆེ་གྲས་ཀྱི་བདེ་འཇགས་ཁྱབ་ཁོངས་ཀྱི་རྨང་གཞིའི་རང་བཞིན་དང་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་ཡིན་པའི་ངོས་ནས་བསམ་འཆར་བསྡུ་ལེན་མ་ཟིན་ནང་། ཉེ་བའི་ལོ་ཤས་རིང་གི་སྤྲོ་གསེང་རོལ་རྩེད་སྒྲིག་བཀོད་ཆེ་གྲས་ཀྱི་དོན་རྐྱེན་གྱི་སྣ་བསུན་དང་། རྒྱལ་ཡོངས་སུ་ད་ལྟ་སྤྱོད་བཞིན་པའི་སྤྲོ་གསེང་རོལ་རྩེད་སྒྲིག་བཀོད་ཆེ་གྲས་གཉེར་སྐྱོང་གི་དཀའ་གནད་ལ་གསེད་བཀྲོལ་ཆ་ཚང་པོ་བྱས་པ་དང་ཆབས་ཅིག་རྒྱལ་སྤྱིའི་སྔོན་ཐོན་སྤྲོ་གསེང་རོལ་རྩེད་སྒྲིག་བཀོད་ཀྱི་བདེ་འཇགས་ཀྱི་ཚད་གཞི་དང་ཡང་ཡང་བསྡུར་བ་དང་། ལས་རིགས་ཀྱི་ལག་རྩལ་གསར་པའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཡང་འཚམ་པར་བྱས་ནས། རང་རྒྱལ་གྱི་རྒྱལ་བབ་དང་མཐུན་པའི་སྤྲོ་གསེང་རོལ་རྩེད་སྒྲིག་བཀོད་ཆེ་གྲས་ཀྱི་སྤྱོད་ཡུན་ཧྲིལ་པོའི་གཞི་རྩའི་བདེ་འཇགས་ཀྱི་བླང་བྱ་གཏན་འཁེལ་བྱས་ཡོད།

བསམ་འཆར་བསྡུ་ལེན་མ་ཟིན་ནང་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་སྟོན་ཕྱོགས་སུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བདེ་འཇགས་རང་བཞིན་དང་། སྤྱོད་འོས་རང་བཞིན། ཚན་རིག་དང་མཐུན་པའི་རང་བཞིན་བཅས་གཅིག་གྱུར་གྱི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ་འབྲེལ་ཡོད་ལག་རྩལ་གྱི་བླང་བྱར་བཟོ་བཅོས་རྒྱག་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཚད་གཞིའི་བཀོལ་སྤྱོད་ཆོག་པའི་རང་བཞིན་དང་སྔོན་མཐོང་རང་བཞིན་ཆེ་རུ་གཏོང་གང་ཐུབ་ཀྱིས་ལས་རིགས་བདེ་འཇགས་ངང་འཁོར་སྐྱོད་བྱེད་པའི་མཛུབ་ཁྲིད་ནུས་པ་ཆེ་རུ་གཏོང་རྒྱུ་རེད།