“བརྒྱད་གཅིག”དམག་འཛུགས་དུས་ཆེན་ལ་རྟེན་འབྲེལ་ཞུ་ཆེད། ཅང་ཤིས་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་ཡོན་ཀྲོའུ་ཆུས་པིན་ཅང་གྲོང་རྡལ་གྱིས་རྐང་འཛིན་ཡུལ་དམག་དང་། ཏང་ཡོན་ལས་བྱེད་པ། དང་བླངས་པ་སོགས་སྒྲིག་འཛུགས་བྱས་ནས་ཨ་འགོག་ཁྲའོ་རོགས་དམག་འཁྲུག་ནང་ཞུགས་མྱོང་བའི་འཐབ་འཛིང་པ་རྒན་གྲས་ཀྱི་ཁྱིམ་དུ་འཚམས་འདྲིར་བསྐྱོད་དེ། ཁོང་ཚོའི་དམག་འཐབ་གཏམ་རྒྱུད་ཉན་པ་དང་ཆབས་ཅིག དུས་ཆེན་གྱི་ཐུགས་ཁུར་དང་སྨོན་འདུན་ཞུས་ཏེ་ཁྱིམ་སྲུང་རྒྱལ་སྐྱོབ་བྱེད་མཁན་འཐབ་འཛིང་པ་རྒན་གྲས་ལ་གུས་བཀུར་ཞུ་ལུགས་མཚོན་པར་བྱས་པ་རེད།
འདི་ནི་ཟླ་7ཚེས་28ཉིན། ཅང་ཤིས་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་ཡོན་ཀྲོའུ་ཆུས་པིན་ཅང་གྲོང་རྡལ་གྱི་རྐང་འཛིན་ཡུལ་དམག་གིས་ཧྲེ་ཧྲུའུ་གྲོང་ཚོར་ལོ་95ལ་སླེབས་པའི་ཨ་འགོག་ཁྲའོ་རོགས་ཀྱི་འཐབ་འཛིང་པ་རྒན་གྲས་ཀྲའོ་ཀྲུའུ་ཧུང་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག་ཁོང་གི་དམག་འཐབ་གཏམ་རྒྱུད་ཉན་བཞིན་པ།