འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་6ཉིན། ཕྱི་འབྲེལ་པུས་ཀྲུང་གོར་བཅའ་སྡོད་ཧིན་རྡུ་ཉི་ཞི་ཡ་དང་། ཐེ་ལན། ཨེ་ཅིབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཁ་མེ་རོང་། སར་པི་ཡ། ཨིར་ལན། ཕེ་རུ། ནེའུ་ཙི་ལན་སོགས་གཞུང་ཚབ་ཁང་74དང་ཀྲུང་གོར་བཅའ་སྡོད་ས་ཁུལ་དང་རྒྱལ་སྤྱིའི་རྩ་འཛུགས་8ཀྱི་གཞུང་ཚབ་བཟའ་ཚོ་དང་ཕྱི་འབྲེལ་དཔོན་བཅས་ཁྱོན་མི་150ཙམ་གདན་དྲངས་ནས་གློག་བརྙན《རྨོ་བོ་ལགས་ལ་སྤྲིངས་པའི་ཡི་གེ》བལྟས་པ་རེད། ཕྱི་འབྲེལ་པུའི་པུའུ་ཀྲང་གི་ལས་རོགས་ཧུང་ལེ་བྱེད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད། རྒྱལ་ཁབ་གློག་བརྙན་ཅུས་ཀྱི་རྒྱུན་ལས་ཅུས་ཀྲང་གཞོན་པ་མའོ་ཡུས་སོགས་བྱེད་སྒོར་ཞུགས་པ་རེད།