《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年07月09日

ཟླ་6པར་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་ཅིང་ལིའི་སྟོན་གྲངས(PMI)50.3%ཟིན་པ།

ཟླ་བཞི་བསྟུད་མར་50%ཡན་གྱི་ཆུ་ཚད་དུ་འཁོར་རྒྱུག་ཐུབ་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་6ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་བསྡོམས་རྩིས་ཅུས་ཞབས་ཞུའི་ལས་རིགས་བརྟག་དཔྱད་ལྟེ་གནས་དང་ཀྲུང་གོ་ཟོག་འགྲུལ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་དྲུག་པར་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་ཅིང་ལིའི་སྟོན་གྲངས(PMI)50.3%ཟིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.3འཕར་ནས་ཟླ་བཞི་བསྟུད་མར་50%དང་དེ་ཡན་གྱི་ཆུ་ཚད་དུ་སླེབས་ཡོད་པ་རེད། དུས་ཚིགས་གཉིས་པའི་བཟོ་སྐྲུན་ལས་རིགས་ཀྱི་PMIཡི་སྙོམས་ཐང་50.2%ཟིན་པ་དང་དུས་ཚིགས་5བསྟུད་མར་སྙོམས་ཐང་འཁོར་རྒྱུག་བྱེད་ཚད་དམའ་རུ་ཕྱིན་པ་དེ་སླར་ཡང་མཐོ་རུ་ཕྱིན་ནས་འཕེལ་རྒྱས་ཀྱི་འགྲོ་ཕྱོགས་ལེགས་སུ་ཕྱིན་ཡོད་པ་རེད།

བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རའི་དགོས་མཁོ་ཆེ་རུ་ཕྱིན་ནས་ཁེ་ལས་ཀྱི་ཐོན་སྐྱེད་བརྟན་པོའི་ཁྲོད་ནས་རྒྱ་ཆེ་རུ་མྱུར་པོ་ཕྱིན་ཡོད། རྣམ་གྲངས་དབྱེ་བའི་བསྡུར་གྲངས་ལ་བལྟས་ན། ཟླ་6པའི་མངགས་ཐོ་གསར་པའི་སྟོན་གྲངས་51.2%ཟིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་1.3འཕར་བ་དང་། ཕྱིར་གཏོང་མངགས་ཐོའི་སྟོན་གྲངས་གསར་པ་50.1%ཟིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་1.5འཕར་ནས་སླར་ཡང་རྒྱ་སྐྱེད་ཁྱབ་ཁོངས་སུ་སླེབས་ཡོད། བཟོ་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་51.4%ཟིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.2འཕར་ཡོད།

ཐོན་ལས་གྲུབ་ཚུལ་རྒྱུན་མཐུད་ལེགས་སུ་ཕྱིན་ཞིང་། ཟླ་6པར་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་PMIདེ་52.5%ཟིན་ནས་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.4འཕར་ཡོད། རྩལ་མཐོའི་བཟོ་སྐྲུན་ལས་རིགས་ཀྱི་PMIདེ་53.5%ཟིན་ནས་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.6འཕར་ཡོད་པ་རེད།

(ཚེ་ལྷས་བསྒྱུར། བསྟན་བློ་དང་ཚེ་ལྷས་ཞུས)