འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་6ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། 2026ལོའི་ཁག་གསུམ་པའི“གཙོ་གནད་གཉིས” ཀྱི་འཛུགས་སྐྲུན་རྣམ་གྲངས་གཤམ་སྤྲོད་བྱས་ནས་དུས་ཡུན་ཧ་ཅང་རིང་བའི་དམིགས་བསལ་གྱི་རྒྱལ་བུན་མ་དངུལ་སྒོར་དུང་ཕྱུར་1935བཀོད་སྒྲིག་བྱས་ཡོད། ད་བར་ད་ལོའི“གཙོ་གནད་གཉིས”ཀྱི་འཛུགས་སྐྲུན་རྣམ་གྲངས་ཀྱི་གསལ་ཐོ་ཚང་མ་གཤམ་སྤྲོད་ཟིན་པ་རེད།
ད་ལོ་ཚུན་དུ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་ལས་རིགས་ཀྱི་གཙོ་གཉེར་སྡེ་ཚན་དང་མཉམ་དུ་སྒོར་དུང་ཕྱུར་8000བཀོད་སྒྲིག་བྱས་ནས་རྣམ་གྲངས་གལ་ཆེན་1417འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་པ་དེ་དག་ཚན་རྩལ་གསར་གཏོད་དང་། འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ། འབྲི་ཆུའི་རྒྱུད་ཀྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན། གྲོང་ཁྱེར་གྱི་ས་འོག་མདོང་དྲ། ཆུ་བེད་ལས་གྲྭ་གལ་ཆེན། ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པ། མཐོ་རིམ་སློབ་གསོའི་སྤུས་ཚད་མཐོར་གཏོང་རིམ་སྤོར། “བྱང་གསུམ” ལས་གྲྭ་སོགས་གཙོ་གནད་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་རེད།
དེ་དང་ཆབས་ཅིག འཆར་འགོད་བཟོ་བ་དང་། སྲིད་ཇུས་བཟོ་བ། སྒྲིག་སྲོལ་ལམ་སྲོལ་གསར་གཏོད་སོགས་ཀྱི་བྱེད་ཐབས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བའི་ནང་ལྕགས་ལམ་གྱི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་དང་རིན་གོང་ལམ་སྲོལ་འཐུས་སྒོ་ཚང་དུ་དང་། འབྲི་ཆུའི་རྒྱུད་ཀྱི་གྲོང་ཁྱེར་གྱིས་བཙོག་ཆུ་གཙང་གསིང་གི་གྲོན་བསྡུའི་བྱེད་ཐབས་སྒྱུར་བཅོས་ལ་རྒྱབ་སྐྱོར། འབྲུབ་འགོག་ལས་གྲྭའི་སྒྲིག་བཀོད་སྣ་ཚོགས་བརྟན་པོ་སྤྱོད་པའི་ལོ་ཚད་ཀྱི་ཚད་གཞི་ཞིབ་འཇུག་ཀྱིས་བཟོ་བ། ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་སྒྱུར་བཅོས་ཟབ་གཏོང་སོགས་ཚུད་དེ་སྤུས་ཚད་མཐོ་བའི་སྒོ་ནས“གཙོ་གནད་གཉིས”འཛུགས་སྐྲུན་གྱི་ལས་འགན་ཁག་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།