《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年06月21日

“འབྲི་ཆུའི་ཆུ་འགོའི་སོ་ལྟ་ཁང་དང་པོས”མཚོ་བོད་ལྕགས་ལམ་སྲུང་སྐྱོང་ཆེད་ལང་ཚོ་སྐྱེས་སུ་ཕུལ་བ།

འདི་ནི་དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་མཚོ་ནུབ་ཉིང་ལག་རུ་ཁག་གི་ལས་སྒྲུབ་རུ་འབྲིང་དགུ་པའི་འཐབ་འཛིང་པ་ཝུའུ་མོང་ཅ་ཡིས“འབྲི་ཆུའི་ཆུ་འགོའི་སོ་ལྟ་ཁང་དང་པོར”གུས་འདུད་ཞུ་བཞིན་པ།

འདི་ནི་དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་མཚོ་ནུབ་ཉིང་ལག་རུ་ཁག་ལས་སྒྲུབ་རུ་འབྲིང་དགུ་པའི་དཔོན་དམག་ཚོས་མཚོ་བོད་ལྕགས་ལམ་གྱི་འབྲི་ཆུའི་ཆུ་འགོའི་ཟམ་ཆེན་དུ་སྐོར་གཡེང་བྱེད་བཞིན་པ།

མཚོ་བོད་ལྕགས་ལམ་གྱི་འབྲི་ཆུའི་ཆུ་འགོའི་ཟམ་ཆེན་གྱི་ས་བབ་སྨི་4600ཙམ་ཟིན་པ་དང་རིང་ཚད་ཧྲིལ་པོར་སྨི་1389.6ཡོད་པ་དེ་མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་དུ་གནས་པ་དང་མཚོ་བོད་ལྕགས་ལམ་འབྲི་ཆུའི་ཆུ་འགོའི་ཐོག་ཐོན་གཙང་པོ་སྒྲོལ་བའི་ཟམ་པ་གལ་ཆེན་ཞིག་རེད། མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ཚུན། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་མཚོ་ནུབ་ཉིང་ལག་རུ་ཁག་གི་ལས་སྒྲུབ་རུ་འབྲིང་དགུ་པས་ཟམ་ཆེན་སྲུང་སྐྱོང་གི་ལས་འགན་ཁུར་བཞིན་ཡོད།

མིག་སྔར་ལས་སྒྲུབ་རུ་འབྲིང་དགུ་པའི་འཐབ་འཛིང་པའི་ཆ་སྙོམས་ལོ་ཚད་ལོ་24ཡིན་པ་དང་ཁོང་ཚོ་ནི་ན་གཞོན་དཔུང་ཁག་ཅིག་རེད། འཐབ་འཛིང་པ་ཚོས་ས་མཐོའི་གསོ་རླུང་དཀོན་པ་དང་དགུན་དུས་དྲོད་ཚད་དམའ་བ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་རང་འགན་གཙང་སྒྲུབ་དང་ལང་ཚོ་སྐྱེས་སུ་ཕུལ་ནས་མཚོ་བོད་ལྕགས་ལམ་གྱི་འགྲུལ་པ་ཁྲི་སྟོང་མང་པོའི་བདེ་འཇགས་སྲུང་སྐྱོང་བྱེད་ཀྱི་ཡོད།