《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年06月21日

གོ་ལ་ཧྲིལ་པོའི་ངོ་འགྱུར་བྲག་རྡོའི་སྣུམ་ཞིང་ཆེ་ཤོས་ཀྱི་དུས་ཐེངས་གཉིས་པའི་རྣམ་གྲངས་ཀྱི་ལས་སྟེགས་ཚང་མ་བསྐྲུན་ཟིན་པ།

ཟླ་6ཚེས་16ཉིན། ཐེན་ཅིན་གྲོང་ཁྱེར་གྱི་མཚོ་འགྲམ་ཁུལ་གསར་དུ་ལས་སྟེགས་མཇུག་ཤོས་དེ་བདེ་བླག་ངང་གྲུ་རྫོང་བརྒྱབ་པ་དང་བསྟུན་ནས། གོ་ལ་ཧྲིལ་པོའི་ངོ་འགྱུར་བྲག་རྡོའི་སྣུམ་ཞིང་ཆེ་ཤོས་ཏེ། པོ་ཀྲུང་26—6གི་སྣུམ་ཞིང་གསར་སྤེལ་རྣམ་གྲངས(དུས་ཐེངས་གཉིས་པ)ཀྱི་ལས་སྟེགས་ཚང་མའི་སྐམ་སའི་བཟོ་སྐྲུན་ལས་མཇུག་འགྲིལ་ནས། སྣུམ་ཞིང་དུས་བཀག་ལྟར་ཐོན་སྐྱེད་བྱེད་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཞིང་། འདི་ནི་པོ་ཀྲུང་26—6སྣུམ་ཞིང་གསར་སྤེལ་རྣམ་གྲངས(དུས་ཐེངས་གཉིས་པ)ཀྱི་ལས་སྟེགས་ཚང་མ་བསྐྲུན་ཟིན་ནས་གྲུ་རྫོང་རྒྱག་པའི་རྣམ་པ་ཡིན་པ།