འདི་ག་ཚགས་པར་གྱི་གསར་འགོད་པས།
ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་རོགས་ལས་ལས་དོན་རྒྱུན་རྣམ་ཅན་གྱི་སྒོ་ནས་ཡག་པོ་སྒྲུབ་དགོས་པའི་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། “རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དང་དབུལ་པོ་མི་ཆགས་པའི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོ་སྲུང་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ས་ཁོངས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བར་གོམ་སྟབས་བརྟན་པོ་སྤོ་དགོས”ཞེས་ནན་བཤད་གནང་བ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ཁ་ཕྱོགས་ལ་སྣེ་ཁྲིད་དང་འབད་འབུངས་ཀྱི་སེམས་ཤུགས་འཕེལ་ཡོད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་གཅིག་རྗེས་གཉིས་མཐུད་ངང་བརྗོད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཤར་རྒྱུད་དང་ནུབ་རྒྱུད་རོགས་ལས་ཀྱི་གྲུབ་འབྲས་ཐོབ་པའི་བྱ་ཐབས་དང་ནུས་ལྡན་གྱི་ལམ་སྲོལ་དང་ཐབས་ལམ་མུ་མཐུད་མཐའ་འཁྱོངས་ཀྱིས་གཉིས་ཁེ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ལ་དེ་བས་མཐོང་ཆེན་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་རོགས་ལས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་རོགས་ལས་ལས་དོན་རྒྱུན་རྣམ་ཅན་གྱི་སྒོ་ནས་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། དེ་ལས་ང་ཚོར་ལས་འགན་གཟི་བརྗིད་ལྡན་པ་དང་འགན་འཁྲི་ལྕི་པོ་ཡིན་པའི་ཚོར་སྣང་ཟབ་མོ་བྱུང”ཞེས་ཞིང་ལས་གྲོང་གསེབ་པུའུ་ས་ཁོངས་རོགས་ལས་སྐུལ་སྤེལ་སིའི་འགན་འཁུར་བ་ལིའུ་ཧྲེང་ཨན་གྱིས་བརྗོད་པ་དང་། ཁོང་གིས། “རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དུས་མཚམས་སུ་སླེབས་པས། ང་ཚོས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་དང་། ཧྥུའུ་ཅན་དང་ཉིང་ཞའི་རོགས་ལས་སོགས་ཀྱི་ཉམས་མྱོང་བཟང་པོ་ཕྱོགས་སྡོམ་དང་བེད་སྤྱོད་བྱེད་པ། སྲིད་ཇུས་སྤྱི་ཡོངས་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱེད་པ། རོགས་ལས་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། རོགས་ལས་བྱ་ཐབས་ལེགས་སུ་གཏོང་བ། རོགས་ལས་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། རོགས་ལས་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས”ཞེས་བརྗོད་པ་རེད།
ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་རེད་ལ། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱེད་པའི་ལོ་དང་པོ་དེའང་རེད། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘ཤར་རྒྱུད་དང་ནུབ་རྒྱུད་ཀྱི་ཐོན་ལས་གསབ་རེས་དང་། མི་སྣ་འགྲོ་འོང་། ལག་རྩལ་སློབ་རེས། ལྟ་བ་བརྗེ་རེས། སྤྱོད་བཟང་དཔྱད་གཞིར་འཛིན་རེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གཉིས་ཁེ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ཡོང་བར་བྱེད་དགོས་པའི’ནན་བཤད་གནང་བ་དེས་ང་ཚོར་སླད་ཕྱིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད”ཅེས་ཀྲུང་གོ་ཞིང་ལས་དངུལ་ཁང་ཞིང་གསུམ་ལས་སྒོའི་སྤྱི་ཁྱབ་ལྟ་ཞིབ་པ་ཝང་ཀྲའོ་དབྱང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས། ཞིང་ལས་དངུལ་ཁང་གིས་དངུལ་རྩའི་ཞབས་ཞུ་སྣ་ཚོགས་ཧུར་ཐག་བསྒྲུབས་ནས་ནུབ་རྒྱུད་ས་ཁུལ་གྱི་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་རོགས་ལས་རྣམ་གྲངས་ལ་མ་དངུལ་བསྡུ་སྒྲིལ་གྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད། གོམ་སྟབས་རྗེས་མར་ཐོན་ལས་རྣམ་གྲངས་ཀྱི་ལེ་ལག་ཚང་བའི་དངུལ་རྩའི་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་སུ་དང་ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་བཏང་སྟེ་ཤར་རྒྱུད་དང་ནུབ་རྒྱུད་རོགས་ལས་ཀྱི་རོགས་སྐྱོར་བྱེད་སྟངས་གསར་པ་མཉམ་དུ་འཚོལ་ཞིབ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
ཉེ་བའི་ལོ་ཤས་རིང་། “ཤར་རྒྱུད་ཀྱི་ཁེ་ལས་དང་ནུབ་རྒྱུད་ཀྱི་ཐོན་ཁུངས”དང“ཤར་རྒྱུད་ཀྱི་ཁྲོམ་ར་དང་ནུབ་རྒྱུད་ཀྱི་ཐོན་རྫས”“ཤར་རྒྱུད་ཀྱི་ཞིབ་སྤེལ་དང་ནུབ་རྒྱུད་ཀྱི་བཟོ་སྐྲུན”“ཤར་རྒྱུད་ཀྱི་སྤྱི་ཁྱབ་པུའུ་དང་ནུབ་རྒྱུད་ཀྱི་རྟེན་གཞི”སོགས་ཟུང་འབྲེལ་གྱི་ཐོན་ལས་མཉམ་ལས་བྱེད་སྟངས་ཟམ་མི་ཆད་པར་རྒྱ་སྐྱེད་བཏང་བས། ཐོན་ལས་མཉམ་ལས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་དང་ནུབ་རྒྱུད་ས་ཁུལ་གྱི་ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
ཀྲེ་ཅང་གི་ཧང་ཀྲོའུ་དང་། དབུན་ཀྲོའུ། ཐའེ་ཀྲོའུ་སོགས་སུ“ས་ཆ་གཉིས་ཀྱི་མཛོད་ཁང”བསྐྲུན་ནས་སི་ཁྲོན་གྱི་ཞིང་ལས་ཐོན་རྫས་ཀྲེ་ཅང་གི་ཁྲོམ་རར་འདོན་པར་རམ་འདེགས་བྱས་ཡོད། “ང་ཚོས་ཁྲོམ་ར་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་འཛད་སྤྱོད་ལ་རོགས་སྐྱོར་བྱས་ཏེ། འཁོར་རྒྱུག་ལྷུ་ཚིགས་ཤར་གཏོང་དང་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བར་དེ་བས་མཐོང་ཆེན་བྱེད་བཞིན་ཡོད”ཅེས་ཀྲེ་ཅང་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལུའོ་ཧྥང་ཧའོ་ཡིས་བརྗོད། སི་ཁྲོན་བཙན་ལྷ་རྫོང་དང་ཀྲེ་ཅང་ཏེ་ཆིང་རྫོང་གིས་ཞིང་ལས་དང་། རིག་གནས། ཡུལ་སྐོར། ལུས་རྩལ་སོགས་ཀྱི་ཐོན་ལས་མཉམ་ལས་ཟབ་ཏུ་བཏང་ནས། ས་ཆ་གཉིས་པོའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་དངོས་དངོས་རྗེན་རྗེན་གྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོར་བསྒྱུར་ཡོད་པ་རེད།
ཤར་རྒྱུད་དང་ནུབ་རྒྱུད་ཀྱི་རོགས་ལས་ཕྱོགས་གཉིས་པོས་ངལ་ནུས་རོགས་ལས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས། ལས་ཞུགས་ཀྱི་སྤུས་ཚད་ལེགས་སུ་དང་ལས་ཞུགས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ཡོད། ཡུན་ནན་ཀྲའོ་ཐུང་གྲོང་ཨུད་ཀྱི་རྒྱུན་ཨུ་དང་། ཧྲི་ཀྲང་གཞོན་པ། ཡུན་ནན་ལ་རོགས་སྐྱོར་བྱེད་མཁན་ཧྲང་ཧའེ་ཀྲའོ་ཐུང་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀེ་ཅུན་གྱིས“ང་ཚོས་ལས་གནས་བརྟན་པོའི་ལས་ཞུགས་རྟེན་གཞི་བཙུགས་ཏེ། ཧྲང་ཧའེ་དང་ཡུན་ནན་གྱི་ཐོན་ལས་སློབ་གླིང་གྲབས་འཛུགས་ཧུར་ཐག་བྱེད་པ་དང་། མི་ཤུགས་ཐོན་ཁུངས་ཀྱི་ཐོན་ལས་དང་། གསར་གཏོད། སྐྱེད་སྲིང་བཅས་ཀྱི་མཉམ་འདྲེས་གླིང་བསྐྲུན་ནས། ལས་རིགས་ཅན་དང་། ཆེད་ལས་ཅན། གཞི་ཁྱོན་ཅན་བཅས་ཀྱི་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་དང་ཕྱིར་གཏོང་ལ་སྐུལ་འདེད་གཏོང་གི་ཡིན”ཞེས་བརྗོད།
ཤར་རྒྱུད་དང་ནུབ་རྒྱུད་ཀྱི་རོགས་ལས་ནི་ལམ་ལུགས་རང་བཞིན་གྱི་ཡུན་རིང་གི་བཀོད་སྒྲིག་ཅིག་ཡིན་ཞིང་། སློབ་གསོ་དང་། སྨན་བཅོས། ཤེས་ལྡན་པ་དབར་སྤེལ་རེས་སོགས་ཀྱི་རོགས་སྐྱོར་རྒྱུན་མཐུད་ཟབ་ཏུ་གཏོང་བ་དང་། འདུ་ཤེས་སྤེལ་རེས་ལ་སྐུལ་འདེད་གཏོང་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ཀྱི་དར་རྒྱས་ལ་སྐུལ་འདེད་གཏོང་དགོས།
ལས་བྱེད་པ་དང་མང་ཚོགས་ཚོས། ཤར་རྒྱུད་དང་ནུབ་རྒྱུད་དབར་རོགས་ལས་བྱས་ནས་ལོ་30སོང་རིང་། དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ལ་ནུས་པ་གལ་ཆེན་བཏོན་ཡོད་ཅིང་། དེ་ཐོག་ནས་རང་རེའི་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་གསར་པར། འགན་འཁྲི་ནན་དུ་གཏོང་བ་དང་། དངོས་འཛིན་དངོས་སྒྲུབ། རྒྱུན་མཐུད་འབད་འཐབ་བཅས་བྱས་ནས། རི་མཚོ་ལག་གདང་སྦྲེལ་བའི་ལེའུ་གསར་རྒྱུན་ཆད་མེད་པར་རྩོམ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་དུ་བརྗོད་པ་རེད།
(བསྟན་བློ་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)