ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་19ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཚེས་19ཉིན་ནི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་ཉིན་དང་པོ་ཡིན་པས། རྒྱལ་ཡོངས་ལྕགས་ལམ་ལ་འགྲུལ་པ་མང་ཤོས་ཀྱི་དུས་སུ་སླེབས་པ་དང་། སྔོན་དཔག་ལྟར་ན། འགྲུལ་པ་མི་ཐེངས་ཁྲི་1973སྐྱེལ་འདྲེན་བྱ་རྒྱུ་དང་འགྲུལ་སྐྱེལ་མེ་འཁོར་1028མང་དུ་གཏོང་རྩིས་ཡོད་པ་རེད། ཟླ་6ཚེས་18ཉིན། རྒྱལ་ཡོངས་ལྕགས་ལམ་ནས་འགྲུལ་པ་མི་ཐེངས་ཁྲི་1674.2སྐྱེལ་འདྲེན་བྱས་པ་དང་། སྐྱེལ་འདྲེན་བདེ་འཇགས་དང་། བརྟན་པོ། གོ་རིམ་ལྡན་པ་བཅས་ཡོད་པ་རེད།
ཚེས་19ཉིན་གྱི་ཆུ་ཚོད་8པའི་བར། ལྕཌ་ལམ་གྱི་12306དུད་སྣེ་ནས་རིམ་རྩིས་བརྒྱབ་ན་ལྔ་པའི་ཚེས་ལྔའི་དུས་ཆེན་གུང་གསེང་གི་སྐྱེལ་འདྲེན་མེ་འཁོར་སྤ་སེ་ཁྲི་5159བཙོངས་པ་རེད། མེ་འཁོར་སྤ་སེ་སྔོན་འཚོང་གི་གནས་ཚུལ་ལ་བལྟས་ན། ཚེས་19ཉིན་འགྲུལ་པ་རྡོག་ཐོན་བྱེད་མང་བའི་གྲོང་ཁྱེར་གཙོ་བོ་ནི་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ། ཁྲེང་ཏུའུ། ཧྲེན་ཀྲེན། ཧང་ཀྲོའུ། ཀྲེང་ཀྲོའུ། ཝུའུ་ཧན། ཤིས་ཨན། ནན་ཅིང་བཅས་ཡིན་པ་དང་། འགྲུལ་པ་འབྱོར་མང་བའི་གྲོང་ཁྱེར་གཙོ་བོ་ནི་པེ་ཅིང་དང་། ཀོང་ཀྲོའུ། ཁྲེང་ཏུའུ། ཧང་ཀྲོའུ། ཧྲང་ཧའེ། ཀྲེང་ཀྲོའུ། ནན་ཅིང་། ཝུའུ་ཧན། ཤིས་ཨན། ཧྲེན་ཀྲེན་བཅས་ཡིན་པ་རེད། པེ་ཅིང་ནས་ཅི་ནན་བར་དང་། ཤང་ཀང་ནས་ཧྲེན་ཀྲེན་བར། པེ་ཅིང་ནས་ཧྲེན་དབྱང་བར། པེ་ཅིང་ནས་ཀྲེང་ཀྲོའུ་བར། པེ་ཅིང་ནས་ཏ་ཐུང་བར། ཀོང་ཀྲོའུ་ནས་ནན་ཉིང་བར། པེ་ཅིང་ནས་ཧུའུ་ཧོ་ཧའོ་ཐེ་བར། པེ་ཅིང་ནས་ཆིང་ཏའོ་བར། པེ་ཅིང་ནས་ཐའེ་ཡོན་བར་སོགས་སུ་སྐྱོད་མཁན་གྱི་འགྲུལ་པ་བལྟོས་བཅས་ཀྱིས་མང་ཙམ་ཡོད་པ་རེད།
(ཕུར་སྒྲོན་གྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)