《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年06月21日

2026ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་ཚོགས་ར་གཙོ་བོའི་གྲོང་ཁྱེར་གྱི་བྱེད་སྒོ་ཧུའུ་པེ་ཝུའུ་ཧན་དུ་གཉེར་བ།

འདི་ནི་གྲོང་མི་དང་ཡུལ་སྐོར་བས་ཤང་ཁྲེང་ཆུས་ཀོན་ཅཱ་སྲང་ལམ་དུ་ཏུང་ཀུང་གི་རྐང་བརྫུས་ཤིང་རིང་གི་འཁྲབ་སྟོན་ལ་ལྟ་བཞིན་པ།

འདི་ག་ཚགས་པར་ཁང་དུ་ཝུའུ་ཧན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། 2026ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་ཚོགས་ར་གཙོ་བོའི་གྲོང་ཁྱེར་གྱི་བྱེད་སྒོ་ཧུའུ་པེ་ཝུའུ་ཧན་དུ་གཉེར་འགོ་ཚུགས་པ་རེད་། ད་ཐེངས་ཀྱི་བྱེད་སྒོ་ནི་རྒྱལ་ཁབ་རིག་དངོས་ཅུས་དང་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་དང་། ཧུའུ་པེ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་དང་། ཧུའུ་པེ་ཞིང་ཆེན་རིག་དངོས་ཅུས། ཝུའུ་ཧན་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཉེར་འགན་འཁུར་ཞིང་། “རིག་དངོས་མི་དམངས་ལ་དབང་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བ”བརྗོད་དོན་གཙོ་བོར་བྱས་ཏེ། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་གྱི་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་གཅིག་སྡུད་ཐོག་མངོན་པར་བྱས་ནས། སྤྱི་ཚོགས་ཡོངས་ཀྱི་རིག་དངོས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ལ་ལོ་རྒྱུས་རིག་གནས་ཀྱི་སྙིང་བཅུད་གྱ་ནོམ་པ་མཉམ་སྤྱོད་ཐུབ་པར་བྱས་ཡོད།

བྱེད་སྒོའི་འགོ་ཚུགས་མཛད་སྒོར། 2025ལོ་འཁོར་གྱི་རིག་དངོས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་མཚོན་འདེམས་སྒྲུག་འོས་སྦྱོར་གྱི་མིང་ཐོ་དང་། “རིག་དངོས་བདེ་འཇགས་སྲུང་སྐྱོང་བའི”མིང་ཐོ། 2026ལོ་འཁོར་གྱི་ཀྲུང་ཧྭའི་རིག་དངོས་སྨྱན་སྦྱོར་གསར་པའི་ཁྱབ་སྤེལ་སྤུས་རྟགས་འོས་སྦྱོར་རྣམ་གྲངས་ཀྱི་མིང་ཐོ་བཅས་ཁྱབ་བསྒྲགས་བྱས་ཤིང་། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལ་གཞོལ་མཁན་གྱི་ལས་རིགས་ཁག་གི་འཐུས་མི་གདན་དྲངས་ནས། བརྗོད་དོན་གཙོ་བོའི་རུ་ཁག་གི་སློབ་ཚན་རབ་དང་རིམ་པ་སོགས་སྤུས་རྟགས་ཁྱབ་སྤེལ་བརྩམས་ཆོས་འོས་སྦྱོར་བྱས་པ་མ་ཟད། ཧུའུ་པེའི་རིག་དངོས་རྒྱུན་འཛིན་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱས་ཏེ“ཞ་རྒྱལ་རབས་དང་ཧྲང་རྒྱལ་རབས་ཀྱི་ཤེས་དཔལ་འཚོལ་བ”ཞེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་གྱི་ཡོལ་བའང་ཕྱེ་བ་རེད།