→ ཟླ་6ཚེས་19ཉིན། 2026ལོའི་ཀྲུང་གོའི་བོད་ལྗོངས་ཀྱི“ལྔ་པའི་ཚེས་ལྔ། ང་ཚོའི་དུས་ཆེན”གྱི་ས་མཐོའི་གྲུ་ཤན་འབྲུག་མགོ་མའི(ཀོ་གྲུ)འགྲན་བསྡུར་དང“ལུས་རྩལ་འགྲན་བསྡུར་གྱི་དུས་ཚིགས”ཀྱི་འགོ་ཚུགས་མཛད་སྒོ་ལྷ་སའི་གཙང་འགྲམ་སྤྱི་གླིང་དུ་འཚོགས་ཤིང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་རུ་ཁག་10དང་བདམས་ཐོན་པ་100ལྷག་ཙམ་བོད་དུ་འཛོམས་ཏེ་འགྲན་བསྡུར་ལ་ཞུགས་པ་དང་། བྱེད་སྒོར་ད་དུང་བོད་ཀྱི་ཁྱད་ལྡན་ཀོ་གྲུའི་རྣམ་གྲངས་ཀྱང་བཀོད་སྒྲིག་བྱས་ཏེ། ཆུ་ཐོག་དམངས་སྲོལ་སྒྱུ་རྩལ་དེ་འགྲན་བསྡུར་བརྒྱུད་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། འདི་ནི་ཟླ་6ཚེས་19ཉིན་གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར་བྱེད་བཞིན་པ།
← ཟླ་6ཚེས་19ཉིན། དུས་ཡུན་ཉིན་གཉིས་ཀྱི་2026ལོའི་ཀྲུང་ཧྭའི་གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར་ཆེན་པོ(སི་ཁྲོན། པ་ཀྲུང་ཨེན་དབྱང་ས་ཚིགས)སི་ཁྲོན་ཞིང་ཆེན་པ་ཀྲུང་གྲོང་ཁྱེར་ཨེན་དབྱང་གྲུ་ཤན་འབྲུག་མགོ་མའི་ལུས་རྩལ་སྤྱི་གླིང་དུ་མཇུག་འགྲིལ་བ་རེད། དེ་ཉིན་སྨི་100ཡི་ཐད་སྐྱོད་འགྲན་ལམ་འགྲན་བསྡུར་གྱི་སྐྱེས་པའི་ཚོགས་ཆུང(མི་22)གི་མཐའ་བསྡུར་ནང་ཨེན་དབྱང་ཐོན་ལས་མ་འཇོག་སྔོན་སྐྱོད་གྲུ་ཤན་འབྲུག་མགོ་མའི་རུ་ཁག་ལ་ཨང་དང་པོ་ཐོབ་ཅིང་། འདི་ནི་འགྲན་བསྡུར་གྱི་ཟུར་ཞིག་ཡིན་པ།