ཟླ་6ཚེས་17ཉིན། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་རིག་གནས་བརྒྱུད་སྤེལ་ལྟེ་གནས་དང་རྒྱ་སྐད་སློབ་ཁྲིད་དཔེ་སྐྲུན་ཁང་གིས་མཉམ་དུ་གཙོ་གཉེར་བྱས་པའི་2026ལོའི་རྒྱལ་སྤྱིའི་གཞོན་ནུའི“ཕྱི་ཕྱོགས་རིག་གནས་ཚོང་དོན”གྱི་ཤེས་ལྡན་པ་འདེམས་སྒྲུག་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་པེ་ཅིང་དུ་འཚོགས་ཤིང་། གོ་ལ་ཧྲིལ་པོའི་རྒྱལ་ཁབ་70ལྷག་ཙམ་ནས་ཡོང་བའི་གཞོན་ནུའི་བརྩམས་ཆོས་སྟོང་ཙམ་འགྲན་བསྡུར་ནང་ཞུགས་པ་དང་། ཆིང་ཧྭ་སློབ་ཆེན་དང་ཝུའུ་ཧན་སློབ་ཆེན་སོགས་མཐོ་སློབ་ཀྱི་རྒྱལ་སྤྱིའི་གཞོན་ནུ་བདམས་ཐོན་པ་200ཙམ་ལ་བྱ་དགའ་ཐོབ་ཡོད། འདི་ནི་བྱ་དགའ་ཐོབ་མཁན་ཁག་གཅིག་གིས་བྱ་དགའ་སྤྲོད་པའི་མཛད་སྒོར་དྲན་རྟེན་མཉམ་པར་རྒྱག་བཞིན་པ།