《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年06月20日

ཀྲུང་ཧན་གྱིས་མཉམ་འབྲེལ་སྐྱེ་འཕེལ་ཉ་གློད་པའི་བྱེད་སྒོ་སྐབས་བདུན་པ་དུས་གཅིག་ཏུ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཧོང་ཧའེ་རྒྱ་མཚོ་ནི་ཀྲུང་ཧན་རྒྱལ་ཁབ་གཉིས་པོའི་ཉ་པ་མི་རབས་ནས་མི་རབས་བར་བརྟེན་སའི་ཉ་ར་གལ་ཆེན་ཞིག་རེད། ཧོང་ཧའེ་རྒྱ་མཚོའི་ཉ་ལས་ཐོན་ཁུངས་བདག་སྐྱོང་དང་རྒྱུན་མཐུད་ཆོག་པའི་བེད་སྤྱོད་ནི་རྒྱལ་ཁབ་གཉིས་པོའི་ཉ་ལས་འཕེལ་རྒྱས་དང་། རྒྱ་མཚོའི་སྐྱེ་ཁམས་སྲུང་སྐྱོང་། མཚོ་ངོགས་མང་ཚོགས་ཀྱི་བདེ་རྩ་བཅས་དང་འབྲེལ་བ་ཡོད། 《ཀྲུང་ཧན་ཉ་ལས་གྲོས་མཐུན》དོན་འཁྱོལ་བྱས་ནས་ཧོང་ཧའེ་རྒྱ་མཚོ་ཉ་ལས་ཐོན་ཁུངས་མཉམ་དུ་བདག་སྐྱོང་བྱ་ཆེད། ཀྲུང་ཧན་ཉ་ལས་མཉམ་འབྲེལ་ཨུ་ལྷན་གྱི་ཐུན་མོང་ངོས་འཛིན་གཞིར་བཟུང་། ཟླ་6ཚེས་16ཉིན་ཀྲུང་ཧན་གྱིས་མཉམ་འབྲེལ་སྐྱེ་འཕེལ་ཉ་གློད་བྱེད་སྒོ་སྐབས་བདུན་པ་དུས་གཅིག་ཏུ་སྤེལ་ཞིང་། ཧན་གོ་ཕྱོགས་ཀྱིས་རེན་ཁྲོན་གྲོང་ཁྱེར་ནས་ཧོང་ཧའེ་རྒྱ་མཚོར་ཉ་སེར་དང་། ཉ་ཀྲེན་ཏེའོ། འགྲོན་དབྱིབས་སྡིག་སྲིན་མཛེར་གསུམ་ཅན་སོགས་དཔལ་འབྱོར་ཉ་སོན་གལ་ཆེན་ཁྲི་429གློད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཧྲན་ཏུང་ཞིང་ཆེན་དབྱན་ཐའེ་གྲོང་ཁྱེར་ནས་ཉ་ཧེ་ཏེའོ་དང་། འགྲོན་དབྱིབས་སྡིག་སྲིན་མཛེར་གསུམ་ཅན་སོགས་དཔལ་འབྱོར་ཉ་སོན་རིགས་གལ་ཆེན་གྱི་ཉ་ཁྲི་300གློད་པ་རེད།