འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་པེར་ལིན་ནས་ཟླ་6ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཨ་སི་ལོ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་16ཉིན་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པའི་བཞུགས་མོལ་ཚོགས་འདུ་ནོར་ཝེའི་ཨ་སི་ལོར་འཚོགས་པ་རེད། ཚོགས་ཞུགས་མི་སྣ་མང་པོ་ཞིག་གིས་ཀྲུང་ནོར་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ནང་འདྲེན་འགྲེམས་ཚོགས་ཀྱིས་ནོར་ཝེའི་ཁེ་ལས་དེ་བས་མང་བ་ཀྲུང་གོར་བསྐྱོད་དེ་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་ཐུབ་པར་ཕན་ཐོགས་ཡོད་ཅེས་བཤད་པ་རེད།
ནོར་ཝེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཚོང་གཉེར་ཚན་ཙན་ཀེང་ཧུང་ཀྲོའུ་ཡིས། ཀྲུང་ནོར་ཐོན་ལས་ཀྱི་གསབ་རེས་རང་བཞིན་ཆེ་བ་དང་། དཔལ་འབྱོར་ཚོང་དོན་གྱི་རྨང་གཞི་བརྟན་པ། མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་བཅས་ཡོད། ནང་འདྲེན་འགྲེམས་ཚོགས་ནི་ཀྲུང་གོས་སྒོ་དབྱེའི་ཁས་ལེན་ལག་ལེན་བསྟར་བའི་གཞི་རྟེན་གལ་ཆེན་ཞིག་ཡིན་པས། ནོར་ཝེ་དང་དེ་བཞིན་རྒྱལ་ཁབ་ཁག་གི་སྤུས་ལེགས་ཐོན་རྫས་ཀྲུང་གོའི་ཁྲོམ་རར་འདོན་པར་ལས་སྟེགས་བཏོད་ཡོད་ཅེས་བརྗོད་པ་རེད།
ནོར་ཝེ་གསར་གཏོད་ཧྲུའུ་ཡི་ཕྱིར་གཏོང་དང་མ་འཇོག་པུའི་མཐོ་རིམ་བློ་འདྲི་བ་ཨན་རུའོ་ཧྥུའུ་ཡིས། ནང་འདྲེན་འགྲེམས་ཚོགས་ཀྱིས་ནོར་ཝེའི་ཁེ་ལས་ལ་སྤུས་ལེགས་ཐོན་རྫས་དང་། ལག་རྩལ་གསར་ཤོས། ཆེད་ལས་ཞབས་ཞུ་བཅས་དང་དེ་བཞིན་ཀྲུང་གོའི་ཁྲོམ་རར་ཞུགས་པར་དངོས་སྒྲུབ་དང་ནུས་ཆེའི་ཐབས་ལམ་བཏོད་ཡོད། ནོར་ཝེ་ཕྱོགས་ཀྱིས་རིཌ་ཁག་གི་ཁེ་ལས་ནང་འདྲེན་འགྲེམས་ཚོགས་ལ་ཞུགས་རྒྱུའི་སྐུལ་སློང་ཧུར་ཐག་བྱས་ཏེ་ནོར་ཀྲུང་གཉིས་ཕན་གྱི་འབྲེལ་ཐག་སྔར་བས་དམ་དུ་བཏང་ནས་ཕྱོགས་གཉིས་པོའི་ཚོང་དོན་མཉམ་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།