《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年06月20日

2026ལོའི་མངོན་མིན་རིག་གནས་ཤུལ་བཞག་གི་དབྱར་དུས་ཉོ་སྒྲུབ་ཟླ་བ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ནན་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་2026ལོའི“མངོན་མིན་རིག་གནས་ཤུལ་བཞག་གི་སྤུས་ལེགས་ཐོན་རྫས། རྒྱལ་རླབས་གསར་པ་འཕྱུར་བའི”མངོན་མིན་རིག་གནས་ཤུལ་བཞག་གི་དབྱར་དུས་ཉོ་སྒྲུབ་ཟླ་བ་འགོ་ཚུགས་པ་དང་། ཚོགས་ར་གཙོ་བོའི་བྱེད་སྒོ་ཅང་སུའུ་སུའུ་ཀྲོའུ་རུ་སྤེལ་བ་རེད།

ད་ཐེངས་ཀྱི་བྱེད་སྒོར་མངོན་མིན་རིག་གནས་ཤུལ་བཞག་ལ་བརྒྱུད་རིམ་རང་བཞིན་གྱི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་དམིགས་ནས་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་གྱི་གྲུབ་འབྲས་མངོན་པར་བྱས་ཤིང་། སུའུ་ཀྲོའུ་ཕིང་ཅང་ལམ་ལོ་རྒྱུས་རིག་གནས་ཁྲོམ་ཁུལ་དུ་མངོན་མིན་རིག་གནས་ཤུལ་བཞག་གི་དབྱར་དུས་ཚོང་འདུས་འཚོགས་ནས་མངོན་མིན་རིག་གནས་ཤུལ་བཞག་གི་ཞིམ་ཟས་དང་། སྲོལ་རྒྱུན་གྱི་རྒྱན་གོས། རྒྱལ་རླབས་ཀྱི་ལག་ཤེས་བཟོ་རྩལ་བཅས་བརྗོད་དོན་གཙོ་བོར་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་དང་དེ་བཞིན་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་100ལྷག་ཙམ་སྒྲིག་འཛུགས་བྱས་ཏེ། སྲོལ་རྒྱུན་གྱི་ལག་རྩལ་དང་བསམ་བཀོད་བསམ་གཞི་ཕན་ཚུན་མཉམ་འདྲེས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་སྤུས་ལེགས་ཐོན་རྫས་འགྲེམས་སྟོན་བྱས་པ་རེད།

བྱེད་སྒོའི་ཐོག་ད་དུང་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་དང་གཞོན་ནུ་རྒྱུན་འཛིན་པས་འབྲེལ་ཡོད་ཁེ་ལས་དང་། མཐོ་སློབ། ལས་རིགས་མཐུན་ཚོགས་བཅས་དང་སྤེལ་རེས་དང་ཐོན་ཁུངས་སྦྲེལ་མཐུད་སྒྲིག་འཛུགས་བྱེད་པ་དང་། མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་གི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་བ། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་ཕན་པ་ཏན་ཏིག་ཐོབ་པ་བཅས་བྱས་ནས་རིག་གནས་རྒྱུན་འཛིན་དང་ཐོན་ལས་འཕེལ་རྒྱས་ལ་ཕན་ཚུན་སྐུལ་འདེད་དང་མཉམ་དུ་ཡར་རྒྱས་ཡོང་བར་རམ་འདེགས་བྱས་པ་རེད།

(བསྟན་བཟང་དང་པ་ཚེས་སྒྱུར་ཞུས་བྱས)