《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年06月20日

ཞི་ཅིན་ཕིང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་ཏང་ཡོན་རྒན་གྲས་ཀྲང་ལེན་ཧྲེང་ལ་འཕྲིན་ལན་སྤྲིངས་ནས་ནན་བཤད་གནང་དོན།

གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ནས་རྒྱང་ལམ་གསར་པར་ཕུལ་དུ་བྱུང་བའི་རྒྱུགས་ལན་འབུལ་དགོས།

འཕྲིན་ལན།

ཤིན་ཧྭ་གསར་འགྱུར་ཁང་གི་ཏང་ཡོན་རྒན་གྲས་བློ་མཐུན་ཀྲང་ལེན་ཧྲེང་།

སྐུ་ཁམས་བཟང་། འཕྲིན་ཡིག་འབྱོར་བར་ཧ་ཅང་དགའ་པོ་བྱུང་། ཁྱེད་ཀྲུང་དབྱང་ཙུང་ཏུའེ་རུ་ཁག་གི“རུ་ཆེན་བཞི་པའི”གློག་འཕྲིན་གཏོང་ལེན་བ་ཞིག་ཡིན་པའི་ངོས་ནས་སྐབས་དེ་དུས་དམག་འཁྲུག་གི་མེ་ལྕེའི་ཁྲོད་ཏང་ཀྲུང་དབྱང་གི་རྗེས་སུ་འབྲངས་ནས་ཧྲའན་ཤིས་བྱང་རྒྱུད་དུ་བསྐྱོད་དེ་དམག་འཐབ་བྱས་པ་དང་། འཕྲིན་གཏོང་ལག་རྩལ་གྱི་ལས་གནས་སུ་རྩ་བ་ཚུགས་ནས་ཚེ་གང་དཀའ་སྤྱད་འབད་འཐབ་བྱས་ཤིང་། ལོ་བརྒྱ་ལྷག་ཙམ་ལ་སླེབས་ཀྱང་སྔར་བཞིན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་གནང་གི་ཡོད་པས་ཁྱེད་ལ་གུས་བཀུར་ཞུ་གི་ཡིན།

ཁྱེད་ཀྱིས་འཕྲིན་ཡིག་ནང་ནམ་ཡང་ཏང་གི་རྗེས་སུ་འབྲངས་ནས་ཇི་སྲིད་བར་དུ“རུ་ཆེན་བཞི་པའི”རུ་མི་ཞིག་བྱེད་ཀྱི་ཡིན་ཞེས་བརྗོད་འདུག དེའི་ནང་ཏང་ལ་ཡིད་ཆེས་དང་ཏང་ལ་དགའ་ཞེན་བྱེད་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་ཟབ་མོ་འདུས་ཡོད། དུས་རབས་གསར་པའི་གུང་ཁྲན་ཏང་མིས་གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། རང་འགན་གཙང་སྒྲུབ་དང་དངོས་སྒྲུབ་འགན་ཁུར་ནས་རྒྱང་ལམ་གསར་པར་ཕུལ་དུ་བྱུང་བའི་རྒྱུགས་ལན་འབུལ་དགོས།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་མཚམས་སུ་ཁྱེད་དང་རྒྱལ་ཡོངས་ཀྱི་ཏང་ཡོན་རྒན་གྲས་དང་བློ་མཐུན་རྒན་གྲས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་གི་ཡིན་ལ། གཟུཌ་གཞི་བདེ་ཐང་དང་འཚོ་བ་བདེ་སྐྱིད་ཡོང་བའི་སྨོན་འདུན་ཡང་ཞུ་གི་ཡིན།

ཞི་ཅིན་ཕིང་།

2026ལོའི་ཟླ་6ཚེས་17ཉིན།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་18ཉིན་འབྱོར་བའི་གློག་འཕྲིན)

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་ལོ་102ལ་སླེབས་པའི་ཏང་ཡོན་རྒན་གྲས་ཀྲང་ལེན་ཧྲེང་ལ་འཕྲིན་ལན་སྤྲིངས་ནས་ཁོང་དང་རྒྱལ་ཡོངས་ཀྱི་ཏང་ཡོན་རྒན་གྲས་དང་བློ་མཐུན་རྒན་གྲས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུངས་དོན། ཁྱེད་ཀྲུང་དབྱང་ཙུང་ཏུའེ་རུ་ཁག་གི“རུ་ཆེན་བཞི་པའི”གློག་འཕྲིན་གཏོང་ལེན་བ་ཞིག་ཡིན་པའི་ངོས་ནས་སྐབས་དེ་དུས་དམག་འཁྲུག་གི་མེ་ལྕེའི་ཁྲོད་ཏང་ཀྲུང་དབྱང་གི་རྗེས་སུ་འབྲངས་ནས་ཧྲའན་ཤིས་བྱང་རྒྱུད་དུ་བསྐྱོད་དེ་དམག་འཐབ་བྱས་པ་དང་། འཕྲིན་གཏོང་ལག་རྩལ་གྱི་ལས་གནས་སུ་རྩ་བ་ཚུགས་ནས་ཚེ་གང་དཀའ་སྤྱད་འབད་འཐབ་བྱས་ཤིང་། ལོ་བརྒྱ་ལྷག་ཙམ་ལ་སླེབས་ཀྱང་སྔར་བཞིན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་གནང་གི་ཡོད་པས་ཁྱེད་ལ་གུས་བཀུར་ཞུ་གི་ཡིན།

ཞི་ཅིན་ཕིང་གིས་གསུངས་དོན། ཁྱེད་ཀྱིས་འཕྲིན་ཡིག་ནང་ནམ་ཡང་ཏང་གི་རྗེས་སུ་འབྲངས་ནས་ཇི་སྲིད་བར་དུ“རུ་ཆེན་བཞི་པའི”རུ་མི་ཞིག་བྱེད་ཀྱི་ཡིན་ཞེས་བརྗོད་འདུག དེའི་ནང་ཏང་ལ་ཡིད་ཆེས་དང་ཏང་ལ་དགའ་ཞེན་བྱེད་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་ཟབ་མོ་འདུས་ཡོད། དུས་རབས་གསར་པའི་གུང་ཁྲན་ཏང་མིས་གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། རང་འགན་གཙང་སྒྲུབ་དང་དངོས་སྒྲུབ་འགན་ཁུར་ནས་རྒྱང་ལམ་གསར་པར་ཕུལ་དུ་བྱུང་བའི་རྒྱུགས་ལན་འབུལ་དགོས། (འཕྲིན་ལན་གྱི་ནང་དོན་ཆ་ཚང་ལོགས་སུ་བཀོད་ཡོད)

ཀྲུང་དབྱང་ཙུང་ཏུའེ་རུ་ཁག་གི“རུ་ཆེན་བཞི་པ”ནི་བཅིངས་འགྲོལ་དམག་འཁྲུག་གི་དུས་སྐབས་སུ་ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིའི་རྗེས་སུ་འབྲངས་ནས་ཧྲའན་ཤིས་བྱང་རྒྱུད་དུ་བསྐྱོད་དེ་དམག་འཐབ་བྱེད་མཁན་ཤིན་ཧྭ་གསར་འགྱུར་ཁང་གི་ལས་དོན་རུ་ཁག་ཡིན་པ་དང་། གསར་འགྱུར་འཕྲིན་སྤེལ་དང་འབྲེལ་གཏུག་གི་འགན་འཁུར་གྱི་ཡོད། ཉེ་ཆར། བློ་མཐུན་ཀྲང་ལེན་ཧྲེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས“རུ་ཆེན་བཞི་པར”གསར་བརྗེའི་ལས་དོན་སྒྲུབ་རིང་གི་མྱོང་བ་དྲན་གསོ་བྱས་ཏེ། ནམ་ཡང་ཏང་གི་རྗེས་སུ་འབྲང་བའི་འགྱུར་མེད་ཀྱི་དད་སེམས་མཚོན་པར་བྱས་པ་རེད།