《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年06月16日

2026ལོའི་དར་གོས་ལམ་བུའི་ཡུན་ནན་གྱི་རྒྱན་གོས་འགྲེམས་སྟོན་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་གཟའ་འཁོར་ཡུན་ནན་ཁུན་མིང་དུ་གཉེར་འགོ་ཚུགས་པ།

⇑ ཟླ་6ཚེས་12ཉིན། 2026ལོའི་དར་གོས་ལམ་བུའི་ཡུན་ནན་གྱི་རྒྱན་གོས་འགྲེམས་སྟོན་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་གཟའ་འཁོར་ཁུན་མིང་ཏན་ཁྲེ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་གཉེར་འགོ་ཚུགས་ཤིང་། ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་སྐབས་10པའི་ལྷན་སྦྱར་བྱེད་སྒོའི་གྲས་ཤིག་ཡིན་པའི་ངོས་ནས་ད་ཐེངས་ཀྱི་རྒྱན་གོས་འགྲེམས་སྟོན་གཟའ་འཁོར་ནང་ཡུན་ནན་ཁྲུའུ་ཞུང་དབྱིས་རིགས་ཀྱི་ཚེམ་དྲུབ་འབྲེལ་ཐག་ཏུ་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་རྒྱན་གོས་རིག་གནས་ཀྱི་སྙིང་བཅུད་གཅིག་ཏུ་བསྡུས་ནས་རྒྱུན་འཛིན་དང་གསར་གཏོད་དང་། སྲོལ་རྒྱུན་དང་དེང་རབས། མངོན་མིན་རིག་གནས་ཤུལ་བཞག་དང་དར་སྲོལ་རིག་གནས། ལག་རྩལ་དང་སྒྱུ་རྩལ་བཅས་མཉམ་འདྲེས་ཀྱི་མཛེས་པ་མངོན་ཡོད། འདི་ནི་གོང་ཚེས་ཉིན་2026ལོའི་དར་གོས་ལམ་བུའི་ཡུན་ནན་གྱི་རྒྱན་གོས་འགྲེམས་སྟོན་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་གཟའ་འཁོར་གྱི་འགོ་ཚུགས་མཛད་སྒོར་མོ་ཐྲོལ་གྱིས་རྒྱན་གོས་ངོམ་སྟོན་བྱེད་བཞིན་པ།