《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年06月16日

སི་རི་ལན་ཁར་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁོ་ལོན་པོ་ནས་ཟླ་6ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན། 2026ལོའི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གྲུ་ཤན་འབྲུག་མགོ་མའི་རིག་གནས་དུས་ཆེན་དང་ཀྲུང་སི་མཛའ་གྲོགས་བུམ་པའི་གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར་སི་རི་ལན་ཁའི་ཁོ་ལོན་པོར་གཉེར་བ་རེད།

ཉིན་དེར་ཁོ་ལོན་པོ་གྲུ་ཁའི་གྲོང་གི་བྱེ་ཐང་ཐང་ཆེན་དུ་ཡུལ་སྐོར་བ་མང་པོ་ཡོད་ཅིང་། ཀྲུང་ཧྭའི་རིག་གནས་ཀྱི་རྣམ་པ་ཟབ་མོ་ཡོད་པ་དང་བྱེ་ཐང་ཐོག་གྲལ་འགྲིག་པའི་གྲུ་ཤན་འབྲུག་མགོ་མ་དང་སྟ་གོན་བྱེད་བཞིན་པའི་འགྲན་བསྡུར་ལ་ཞུགས་མཁན་དཔུང་ཁག་གིས་ས་གནས་དེ་གའི་གྲོང་མི་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད།

ད་ཐེངས་ཀྱི་འགྲན་བསྡུར་ལ་ཀྲུང་གོ་ཕྱོགས་ཀྱི་འཐུས་མི་རུ་ཁག་4བརྩིས་པའི་རུ་ཁག་19ཞུགས་པའི་ནང་སི་རི་ལན་ཁའི་སློབ་གྲྭ་རྩེ་གྲ་ནས་ཡོང་བའི་ལུས་རྩལ་པ་དང་སི་རི་ལན་ཁའི་དམག་དཔུང་གི་ཆུ་ཐོག་ལུས་རྩལ་པ་ཡོད་ལ། རྒྱལ་ཁོངས་ལས་བརྒལ་བའི་གྲགས་ཅན་ཁེ་ལས་དང་། ཀྲུང་གོའི་མ་འཇོག་སྒྲིག་གཞི། ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིའི་རྩ་འཛུགས། ལུས་རྩལ་སྤྲོ་སྐྱིད་ཁང་གི་ལུས་རྩལ་ལ་དབྱིངས་ཞུགས་ཚོགས་པ་བཅས་ཡོད་པ་རེད།