འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་བརྒྱད་པའི་ཚེས་22ནས་ཚེས་26ཉིན་བར། འཛམ་གླིང་འཕྲུལ་མིའི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་པེ་ཅིང་རྒྱལ་ཁབ་མྱུར་ཤུད་ཁང་དུ་གཉེར་རྒྱུ་ཡིན་པ་རེད། གསར་འགོད་པར་ཟླ་6ཚེས་12ཉིན། པེ་ཅིང་གྲོང་ཁྱེར་གྱིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། གཟུགས་ཅན་རིག་ནུས་ཁྱབ་ཁོངས་ཀྱི་ལག་རྩལ་གྱི་ཆུ་ཚད་གང་ལེགས་མངོན་པར་བྱས་ནས་འཕྲུལ་མི་འགུལ་ཐུབ་པ་མ་ཟད། ད་དུང་བེད་སྤྱོད་ཐུབ་པ་བྱ་ཆེད། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ལ་འགྲན་བསྡུར་རྣམ་གྲངས་50བར་མང་དུ་བཏང་བ་རེད།
ད་ལོའི་ཟླ་བཞི་པར་འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱིས་ཁག་དང་པོའི་རྩལ་འགྲན་རྣམ་གྲངས་26ཁྱབ་བསྒྲགས་བྱས་པའི་ནང་། སྨི་བརྒྱ་དང་། བཀག་རྒྱའི་འགྲན་བསྡུར། རྐང་རྩེད་སྤོ་ལོ་སོགས་ཡོད་པ་རེད། ད་ཐེངས་ཀྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཁག་གཉིས་པའི་འགྲན་བསྡུར་རྣམ་གྲངས་ངོ་སྤྲོད་བྱས་པ་དང་། རྩལ་འགྲན་རྣམ་གྲངས་3དང་འཚོ་བ་དང་ཉེ་བཅར་གྱི་འགྲན་བསྡུར་རྣམ་གྲངས་21གསར་དུ་བསྣན་ཡོད་པ་རེད།