《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年06月04日

མི་དམངས་ཉིན་རེའི་ཚགས་པར་ཁང་དང་ཁེར་གྷི་སི་ཐན་གྱི《དར་ཆ་ཚགས་པར》ཆ་འཕྲིན་དཔེ་སྐྲུན་ཚོགས་པས་ཕྱོགས་གཉིས་མཉམ་ལས་ཀྱི་བསམ་ཤེས་དྲན་ཐོ་བཞག་པ།

འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་པི་སི་ཁེག་ནས་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་27ཉིན། མི་དམངས་ཉིན་རེའི་ཚགས་པར་ཁང་དང་ཁེར་གྷི་སི་ཐན་གྱི《དར་ཆ་ཚགས་པར》ཆ་འཕྲིན་དཔེ་སྐྲུན་ཚོགས་པས་ཁེར་གྷི་སི་ཐན་གྱི་གྲོང་ཁྱེར་པི་སི་ཁེག་ཏུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་དམངས་ཉིན་རེའི་ཚགས་པར་ཁང་དང་ཁེར་གྷི་སི་ཐན〈དར་ཆ་ཚགས་པར〉ཆ་འཕྲིན་དཔེ་སྐྲུན་ཚོགས་པའི་ཕྱོགས་གཉིས་མཉམ་ལས་ཀྱི་བསམ་ཤེས་དྲན་ཐོར》མིང་རྟགས་བཀོད་དེ་བརྗེ་རེས་བྱས་པ་རེད།

ཟླ་5ཚེས་27ཉིན། མི་དམངས་ཉིན་རེའི་ཚགས་པར་ཁང་དང《དར་ཆ་ཚགས་པར》ཆ་འཕྲིན་དཔེ་སྐྲུན་ཚོགས་པས་2026ལོའི་ཀྲུང་ཁེར་སྨྱན་སྦྱོར་གྱི་མཉམ་ལས་གླེང་སྟེགས་ཐུན་མོང་ཐོག་གཙོ་གཉེར་བྱས་ཤིང་། ཕྱོགས་གཉིས་པོའི་མཉམ་ལས་སྔར་བས་ཟབ་ཏུ་གཏོང་བ་དང་ཀྲུང་ཁེར་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་ཆེད། ཕྱོགས་གཉིས་པོས་རྒྱུན་རྣམ་ཅན་གྱི་མཉམ་ལས་ལམ་སྲོལ་བཙུགས་ཐོག་གསར་འགྱུར་ཆ་འཕྲིན་བརྗེ་རེས་བྱེད་པ་དང་། བྱེད་སྒོ་མཉམ་དུ་སྤེལ་བ། མི་སྣ་འགྲོ་འོང་མང་དུ་གཏོང་བ་སོགས་ཐད་ནས་དངོས་སྒྲུབ་མཉམ་ལས་བྱས་ཏེ། ཀྲུང་ཁེར་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་གྲོས་ཐག་བཅད་པ་རེད།

《དར་ཆ་ཚགས་པར》ཆ་འཕྲིན་དཔེ་སྐྲུན་ཚོགས་པ་ནི་ཁེར་གྷི་སི་ཐན་གྱི་རྒྱལ་ཁབ་སྨྱན་སྦྱོར་མཉམ་འབྲེལ་སྒྲིག་གཞི་ཞིག་རེད་ལ། 2026ལོའི་ལོ་འགོར《དར་ཆ་ཚགས་པར》དང་། 《ཁེར་གྷི་སི་ཐན་གྱི་གཏམ་བརྗོད་ཚགས་པར》 རྩོམ་རིག་སྒྱུ་རྩལ་དུས་དེབ《ཨ་ལ་ཐའོ》སོགས་ཚན་པ་བཞི་ཟླ་སྒྲིལ་བཏང་ནས་བཙུགས་པ་ཞིག་ཀྱང་རེད། དེའི་ནང《དར་ཆ་ཚགས་པར》ནི་1924ལོར་བཙུགས་པ་དང《ཁེར་གྷི་སི་ཐན་གྱི་གཏམ་བརྗོད་ཚགས་པར》ནི་1925ལོར་བཙུགས་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)