《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年06月04日

རྒྱལ་ཡོངས་སུ་ལོ་ཆུང་གདོང་ལེན་རུ་མི་དུང་ཕྱུར་1.12ཟིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་1ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཡོངས་ལོ་ཆུང་གདོང་ལེན་རུ་ཁག་རྒྱལ་ཡོངས་ལས་དོན་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། 2025ལོའི་ཟླ་12ཚེས་31ཉིན་བར་རྒྱལ་ཡོངས་སུ་ཁྱོན་ལོ་ཆུང་གདོང་ལེན་རུ་མི་དུང་ཕྱུར་1.12ཡོད་པ་དང་། སློབ་གྲྭ་འབྲིང་ཆུང་དུ་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་ཆེན་དང་རུ་འབྲིང་གི་ཟུར་འཁྲིད་པ་ཁྲི་298.9ཡོད་པ། སློབ་གྲྭ་འབྲིང་ཆུང་གི་ལོ་ཆུང་གདོང་ལེན་རུ་ཁག་རྒྱལ་ཡོངས་ལས་དོན་ཨུ་ལྷན་ཁྲི་17.2དང་། ལོ་ཆུང་གདོང་ལེན་རུ་ཁག་གི་རུ་ཆེན་ཁྲི་17.2 རུ་འབྲིང་ཁྲི་282.8བཅས་ཡོད་པ་རེད།