《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年05月21日

མཚོ་སྔོན་གྱིས་རྙིང་པ་གསར་པར་བརྗེ་བའི་ཞིང་འབྲོག་ཁུལ་གྱི་ཁ་གསབ་ཆེད་ཁུལ་བཙུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་བ་དང་། གྲངས་འཛིན་དང་རིག་ནུས་ཐོན་རྫས་གསར་ཉོའི་ཞིང་འབྲོག་ཁུལ་གྱི་ཁ་གསབ་ཆེད་ཁུལ་བཙུགས་ནས་དྲ་ཐོག་དང་དྲ་ཕྱི་ནས་ཁ་གསབ་རེ་ཞུ་བྱེད་པའི་བྱེད་ཐབས་བཏོད་ཡོད། དྲ་ཕྱིར་ཞིང་འབྲོག་ཁུལ་གྱི་རྫོང་ཁོངས་41ནས་ཞབས་ཞུའི་ནུས་པ་ཆེ་བ་དང་། བྲིན་ཁ་རྒྱུག་པའི་ཁྱིམ་སྤྱོད་གློག་ཆས་ཀྱི་ཚོང་ཁང་། གྲངས་འཛིན་ཕྱིར་ཚོང་ཚོང་ཁང་བཅས་བདམས་ནས་ཆེད་ཁུལ་དོ་དམ་ནང་བཅུག་ཡོད། དྲ་ཐོག་ཏུ་ཞིང་འབྲོག་ཁུལ་གྱི་རྙིང་པ་གསར་པར་བརྗེ་བའི་ཁ་གསབ་རེ་ཞུའི་སྐར་ཁུང་ཆེད་མངགས་བཙུགས་ཡོད།