ཟླ་5ཚེས་16ཉིན་གྱི་ཞོགས་པར། རང་རྒྱལ་ནས་བཟོས་པའི་ཡུལ་སྐོར་མཚོ་གྲུ་ཆེ་གྲས་གཉིས་པ“ཨའེ་ཏ·ཧྭ་ཁྲེང་རྟགས་ཅན”(གྲུ་གཟིངས་H1509)ཧྲང་ཧའེ་ཝའེ་ཀའོ་ཆའོ་ཡི་གྲུ་བཟོའི་གྲུ་ཁ་ནས་ཆུ་སྐྱོད་ཚོད་ལྟ་བྱེད་འགོ་ཚུགས་པ་དེ་ཐོག་ནས་རང་རྒྱལ་གྱི་ཡུལ་སྐོར་མཚོ་གྲུ་ཆེ་གྲས་ཀྱི་ཐོན་ལས“1”ནས“N”བར་འབོར་མང་བཟོ་སྐྲུན་གྱི་འགག་རྩའི་ཚད་བརྒལ་བྱུང་སྟེ། ལོ་མཇུག་ཏུ་རྩིས་སྤྲོད་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་མཚོན་ཡོད། གྲུ་གཟིངས་དེ་2026ལོའི་ཟླ་11ཚེས་6ཉིན་རྩིས་སྤྲོད་རྒྱུ་ཡིན་པ་དང་། སྐབས་དེར་ཀོང་ཀྲོའུ་ནན་ཧྲ་རྒྱལ་སྤྱིའི་ཡུལ་སྐོར་མཚོ་གྲུའི་གྲུ་ཁ་ཨ་མ་ནས་ཐོན་འགོ་བཙུགས་ཏེ“དེ་བས་མཛེས་པ་དང་། དེ་བས་ཚན་རྩལ། དེ་བས་ཀྲུང་གོ”བཅས་ཀྱི་མཚོ་ཐོག་གི་རིག་གནས་འཚོལ་ཞིབ་འགྲུལ་ལམ་བཏོད་དེ་ཀྲུང་གོ་འདི་ཉིད་གྲུ་བཟོའི་རྒྱལ་ཁབ་ཆེ་མོ་ནས་གྲུ་བཟོའི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་སུ་བསྐྱོད་རྒྱུར་རམ་འདེགས་བྱ་རྒྱུ་རེད། འདི་ནི་2026ལོའི་ཟླ་5ཚེས་15ཉིན། ཧྲང་ཧའེ་རུ་རྒྱལ་ཐོན་ཡུལ་སྐོར་མཚོ་གྲུ་ཆེ་གྲས་གཉིས་པ“ཨའེ་ཏ·ཧྭ་ཁྲེང་རྟགས་ཅན”(གྲུ་གཟིངས་H1509)ཆུ་སྐྱོད་ཚོད་ལྟ་བྱེད་ཉེར་ཡོད་པ།