འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། 2026ལོའི་འཛམ་གླིང་རིམ་འདས་སྦག་སྦག་ལེགས་སྐྱེས་འགྲན་བསྡུར(WSBK)ཅེ་ཁེ་ས་ཚིགས་WorldSSPཚོགས་ཆུང་ཁག་གི་རེས་སྐོར་དང་པོའི་འགྲན་བསྡུར་དངོས་དང་རེས་སྐོར་གཉིས་པའི་འགྲན་བསྡུར་དངོས་ཀྱི་ནང་། ཀྲུང་གོའི་སྦག་སྦག་བཟོ་སྐྲུན་ཁེ་ལས་ཏེ། ཀྲང་ཞུའེ་ཀུང་སིའི་སྦག་སྦག་གཏོང་མཁན་ཧྥ་རན་སེའི་འགྲན་ཞུགས་པ་ཝ་ལུན་ཏིང·ཏེ་པི་སིས་ཨང་དང་པོ་བསྟུད་མར་བླངས་པ་རེད། ཝ་ལུན་ཏིང·ཏེ་པི་སིས་ས་ཚིགས་དེའི་རེས་སྐོར་གཉིས་ཀྱི་ཨང་དང་པོ་བླངས་པ་དང་དུས་མཚུངས་སུ་རང་ཉིད་དང་སྦག་སྦག་རུ་ཁག་ལ་འགྲན་དུས་ཀྱི་ཨང་དང་པོ་བཞི་པ་དང་ལྔ་པ་བླངས་པ་རེད། ཁོང་སྦག་སྦག་གཏོང་མཁན་གྱི་སྐར་གསོག་བང་རིམ་གྱི་ཨང་གཉིས་པར་སླེབས་པ་དང་ཀྲང་ཞུའེ་ཀུང་སིའི་སྦག་སྦག་ཉིད་མུ་མཐུད་བཟོ་སྐྲུན་ཚོང་པའི་ཨང་རིམ་གསུམ་པར་སླེབས་ཡོད། དེའི་ཐད། ཀྲང་ཞུའེ་ཡིས་དགའ་སྤྲོའི་ངང“ཨང་དང་པོ་ཐེངས་ལྔ་བླངས་སོང་། ཨང་དང་པོ་རག་པར་དོན་སྙིང་ཧ་ཅང་ཆེན་པོ་ལྡན། ང་ཚོའི་སྤྱིའི་སྐར་གྲངས་ཆེས་ཆེར་འཕར་སྲིད་པས། ང་ཚོས་ལོ་འཁོར་གྱི་ཨང་དང་པོ་འཐོབ་རྒྱུར་རེ་སྒུག་བྱེད་ཆོག”ཅེས་བཤད་པ་རེད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཚེ་སྒྲོལ་གྱིས་ཞུས)