ཀྲུང་གོའི་སྤུས་རྟགས་དཔྱིད་རླུང་སྒུལ་ཤུགས་སྦག་སྦག་ལ་མོ་ཞི་ཁོ་རུ་དགའ་བསུ་ཆེན་པོ་ཐོབ་པ་དང་བཟོ་ལྟ་འདྲ་མིན་སྣ་ཚོགས་ལས་ས་གནས་དེ་གའི་འཛད་སྤྱོད་པར་གདམ་ག་སྣ་ཚོགས་མཁོ་འདོན་བྱས་ཡོད། འདི་ནི་སྦག་སྦག་ལ་དགའ་པོ་ཡོད་མཁན་ཞིག་གིས་མོ་ཞི་ཁོའི་རྒྱལ་ས་མོ་ཞི་ཁོ་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་དཔྱིད་རླུང་སྒུལ་ཤུགས་སྦག་སྦག་གཏོང་བཞིན་པ། (འདི་ག་ཚགས་པར་གྱི་མོ་ཞི་ཁོ་ཡན་ལག་ཁང་གི་ཨའེ་ནེ་སི་ཐོ·ཏུའོ་མིང་ཀེ་སིས་པར་བརྒྱབ)
ཇོ་རིའི་སྦག་སྦག་གི་ཤུགས་ཚད་ཆེ་བའི་སྦག་སྦག་ཐོན་སྐྱེད་འཁོར་ཁང་དུ་རང་འགུལ་ཅན་གྱི་རིག་ནུས་གློག་སྐུད་གོ་རིམ་ལྡན་པའི་སྒོ་ནས་སྒྲིག་སྦྱོར་བྱེད་བཞིན་པ། (ཕེང་ཞང་ཧྲན་གྱིས་པར་བརྒྱབ)
ལུའོ་དབྱང་ཅིན་པོ་ཧྲི་སྦག་སྦག་ལྷུ་ལག་ཚད་ཡོད་ཀུང་སིས་ཝུ་ཀན་ཏར་ཕྱིར་གཏོང་བྱས་པའི་སྦག་སྦག་བྲིན་ཁ་རྒྱུག་པའི་ཐོན་རྫས་ཤིག་ཏུ་གྱུར་བ་དང་སྤུས་རྟགས་དེའི་འཁོར་གཉིས་དང་འཁོར་གསུམ་སྦག་སྦག་ཁུངས་ཐུབ་པོ་ཡོད་པས་ས་གནས་དེ་གའི་མི་རྣམས་ཀྱི་དགའ་བསུ་ཐོབ་པར་བརྟེན་སྦག་སྦག་དེའི་ཁྲོམ་ར་ཁེན་ནི་ཡ་དང་། ཐན་ཙན་ནི་ཡ། ལྷོ་སུའུ་ཏན་སོགས་རྒྱལ་ཁབ་ཏུ་རིམ་བཞིན་རྒྱ་སྐྱེད་བཏང་ཡོད། (འདི་ག་ཚགས་པར་གྱི་ཨ་ཧྥེ་རི་ཁ་ལྟེ་བའི་ཡན་ལག་ཁང་གི་ཁེ་ཝ་ནུའུ་ཁཱ·ཨ་པུ་ཏུའུ་ཡིས་པར་བརྒྱབ)
ལོ་སིའི་རྒྱལ་ས་ཝན་ཐེན་ཁྲོམ་གཞུང་དུ་ས་གནས་དེ་གའི་དམངས་ཚོགས་ཀྱིས་ཀྲུང་གོའི་སྤུས་རྟགས་བཀྲ་ཤིས་སེང་གེ་རྟགས་ཅན་གྱི་གློག་སྒུལ་སྦག་སྦག་བཞོན་ནས་ཕྱིར་སྐྱོད་བཞིན་པ། (འདི་ག་ཚགས་པར་གྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ལྟེ་བའི་ཡན་ལག་ཁང་གི་སུའུ་ཕེང་གིས་པར་བརྒྱབ)
ཁམ་ཕུ་ཁྲེའི་རྒྱལ་ས་ཕ་ནོམ་ཕེན་དུ་ས་གནས་དེ་གའི་གྲོང་མིས་ཀྲུང་གོའི་ལག་རྩལ་གྱིས་རྒྱབ་སྐྱོར་བྱས་པའི་ས་གནས་དེ་གའི་King Kong(ཅིན་ཀང)རྟགས་ཅན་གྱི་གློག་སྒུལ་སྦག་སྦག་བཞོན་ནས་ཕྱིར་སྐྱོད་བཞིན་པ། (འདི་ག་ཚགས་པར་གྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ལྟེ་བའི་ཡན་ལག་ཁང་གི་ཆའོ་ཨེན·ཐི་ཡ་ལ་ཡིས་པར་བརྒྱབ)
ཇོ་རིའི་སྦག་སྦག་གི་ཤུགས་ཚད་ཆེ་བའི་སྦག་སྦག་ཐོན་སྐྱེད་འཁོར་ཁང་དུ་ལྷུ་ལག་གྲལ་བསྒྲིགས་ཡོད་པ།(ཕེང་ཞང་ཧྲན་གྱིས་པར་བརྒྱབ)
2016ལོར་ཡོ་རོབ་ཏུ་བཏོན་ཚུན། ཀྲུང་གོའི་སྤུས་རྟགས་ཞའོ་ཉིའུ་གློག་སྒུལ་སྦག་སྦག་གིས་བྱེད་ནུས་ལེགས་པ་དང་། དར་སོ་ཆེ་བ། རིག་ནུས་སོགས་ཀྱི་ཁྱད་ཆོས་ལ་བརྟེན་ནས་མགྱོགས་མྱུར་ཁྲོམ་ར་བཏོད་པ་ལས་འཇར་མན་གྱི་ཧུང་ཏེན་ཇུས་འགོད་ཀྱི་བྱ་དགའ་ཆེན་པོ་མང་པོ་ཐོབ་པ་དང་། འཇར་མན་གྱི་པེར་ལིན་དང་། མུའུ་ཉི་ཧེ། ཧན་པའོ་སོགས་གྲོང་ཁྱེར་དུ་གཞོན་ནུ་དང་ཁོར་ཡུག་སྲུང་སྐྱོང་བའི་དགའ་བསུ་ཆེན་པོ་ཐོབ་ཡོད། འདི་ནི་ཚོང་པས(གཡོན)ཉོ་མཁན་ལ་ཐོན་རྫས་ཀྱི་ལེགས་ཆ་གཙོ་བོ་ངོ་སྤྲོད་བྱེད་བཞིན་པ། (འདི་ག་ཚགས་པར་གྱི་ཡོ་རོབ་ལྟེ་བའི་ཡན་ལག་ཁང་གི་ཤའོ་ཅིང་གིས་པར་བརྒྱབ)
2015ལོར་པར་ཙིར་གྱི་པོ་ནན་པུའུ་ཀེ་ཀྲོའུ་སུའུ་ཨ་ཕེ་གྲུ་ཁའི་བཟོ་ལས་གླིང་དུ་གནས་པའི་ཁྲུང་ཆིང་ཤིན་ཡོན་སྦག་སྦག་མ་རྐང་ཚད་ཡོད་ཀུང་སིའི་སྦག་སྦག་བཟོ་གྲྭ་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་ནས་པར་ཙིར་དུ་རང་ཡུལ་ཅན་གྱི་ཐོན་སྐྱེད་ཐུབ་ཡོད། མིག་སྔར་ཁེ་ལས་དེར་པར་ཙིར་དུ་ཚོང་ཁང་400ལྷག་ཙམ་ཡོད་ཅིང་། འདི་ནི་ས་གནས་དེ་གའི་མིས་སྦག་སྦག་བཞོན་ནས་ཤིན་དབྱི་ཀྭ་སུའུ་གྲོང་ཁྱེར་དུ་ཡོད་པའི་སྦག་སྦག་ཚོང་ཁང་གི་མདུན་ནས་སྐྱོད་བཞིན་པ། (འདི་ག་ཚགས་པར་གྱི་ལ་ཏིང་མེ་གླིང་ལྟེ་བའི་ཡན་ལག་ཁང་གི་ལུའུ་དབྱི་སི·པུའུ་ལན་ཁོའོ་ཡིས་པར་བརྒྱབ)
ཀྲང་ཞུའེ་སྦག་སྦག་ཀོང་ཀྲོའུ་ཚོང་འདུས་ལ་ཞུགས་མ་ཐག་འགྲེམས་ཞུགས་ཚོང་པ་དང་ཉོ་སྒྲུབ་ཚོང་པ་ཚོས་དགའ་པོ་བྱེད་པའི་གྲགས་ཅན་ཐོན་རྫས་སུ་གྱུར་བ་དང“ཀྲུང་གོའི་ལན་པར”འཛམ་གླིང་གི་གར་སྟེགས་ཐོག་སླར་ཡང་སྐད་གྲགས་ཆོད་ཡོད། ལོ་བཅུ་ཕྲག་ཁ་ཤས་འཕེལ་རྒྱས་བཏང་བ་བརྒྱུད། ཀྲུང་གོར་ཆ་ཚང་ལ་མཉེན་ཤུགས་ལྡན་པའི་སྦག་སྦག་ཐོན་ལས་འཁོར་འབྲེལ་མ་ལག་ཅིག་ཆགས་ནས་ཐོན་ལས་དེ་གློག་སྒུལ་ཅན་དང་། རིག་ནུས་ཅན། རྩེར་སོན་ཅན་བཅས་ཀྱི་ཕྱོགས་སུ་མགྱོགས་མྱུར་འཕེལ་རྒྱས་བྱུང་བཞིན་ཡོད། གློག་སྒུལ་སྦག་སྦག་ཆུང་གྲས་ནས་ཤུགས་ཚད་ཆེ་བའི་སྦག་སྦག་བར་ཀྲུང་གོའི་སྦག་སྦག་གིས་ཕྱི་རྒྱལ་གྱི་ཁྲོམ་ར་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དེ། ལ་ཏིང་མེ་གླིང་དང་། ཨ་ཧྥེ་རི་ཁ། ཡོ་རོབ་སོགས་སུ་བྲིན་ཁ་རྒྱུག་པོ་བྱུང་ཡོད།