ཉེ་བའི་ལོ་ཤས་རིང་། ཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲོང་ཁྱེར་ཧྥན་ཁྲང་ཆུས་སུན་ཚུན་གྲོང་རྡལ་གྱིས་རི་ཁུལ་གྱི་སྨྱུག་མའི་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་དེ། སྨྱུག་མར་ལས་སྣོན་ཞིབ་ཚགས་བྱེད་པའི་ཐོན་ལས་འཕེལ་རྒྱས་བཏང་ནས། “སྨྱུག་མས་འགྱིག་ཤོག་གི་ཚབ་བྱེད་པ”དང“སྨྱུག་མས་ངར་ལྕགས་ཀྱི་ཚབ་བྱེད་པ”སོགས་ཀྱི་ཐོན་རྫས་མང་པོ་ཐོན་སྐྱེད་བྱས་ཏེ། སྨྱུག་འདེབས་ཞིང་པར་འབབ་འཕར་ཡོང་བ་དང་ཡུལ་མི་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱེད་པའི་ལྗང་མདོག་འཕེལ་རྒྱས་ཀྱི་དམངས་ཕྱུག་ལམ་བུར་བསྐྱོད་ཡོད།
འདི་ནི་སུན་ཚུན་གྲོང་རྡལ་ཁྲེ་ཧྲ་སྡེ་ཁུལ་གྱི་སྨྱུག་མ་ལས་སྣོན་བཟོ་གྲྭ་ཞིག་ཏུ་བཟོ་པས་སྨྱུག་མའི་ཕྱེད་བཟོས་ཐོན་རྫས་སྐེམ་བཞིན་པ།