ཉིན་ཤས་གོང་། པའེ་ཨར་ལྕགས་ལམ(ཅི་ལིན་གྱི་པའེ་ཁྲེང་ནས་ནང་སོག་གི་ཨར་ཧྲན་བར)ཝུའུ་ལན་ཧའོ་ཐེ་ནས་ཨར་ཧྲན་བར་གྱི་ནུས་སྐྱེད་སྒྱུར་བཀོད་ལས་གྲྭའི་གཞུང་ལམ་ཧྲིལ་པོ་བཀག་སྡོམ་བྱས་ནས་སྐྲུན་འགོ་ཚུགས་པ་ལས་རྣམ་གྲངས་དངོས་སུ་ལས་འགོ་ཚུགས་པ་མཚོན་ཡོད། རྣམ་གྲངས་དེ་ནི་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”ལྕགས་ལམ་འཕེལ་རྒྱས་འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ཤིག་ཡིན་ཞིང་། ཨར་སྐྲུན་སྒྱུར་བཀོད་བྱས་རྗེས་ནང་སོག་ཤར་རྒྱུད་ས་ཁུལ་དུ་གློག་ཤུགས་ཅན་གྱི་མྱུར་བགྲོད་ལྕགས་ལམ་མེད་པའི་སྟོང་ཆ་གསབ་རྒྱུ་རེད།