འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན《2025ལོའི་ཀྲུང་གོའི་ཤེས་བྱའི་བདག་དབང་སྲུང་སྐྱོང་གནས་སྟངས》ཀྱི་རྒྱབ་ཤ་དཀར་པོའི་དེབ་ཁྱབ་བསྒྲགས་བྱས་པ་རེད། རྒྱབ་ཤ་དཀར་པོའི་དེབ་ནང་། 2025ལོའི་ལོ་མཇུག་བར་ཀྲུང་གོའི་གོ་ཆོད་པའི་གསར་གཏོད་ཁེ་བེད་བདག་ཐོབ་ཁྲི་631.8ཟིན་པ་དེ་དུས་མཚུངས་ལས་11.1%འཕར་བ་དང་། གོ་ཆོད་པའི་ཚོང་རྟགས་ཐོ་འགོད་བྱེད་ཚད་ཁྲི་5303.2ཟིན་པ་དེ་དུས་མཚུངས་ལས་6.5%འཕར་བ། བརྩམས་དབང་ལོར་ཐོ་འགོད་བྱེད་ཚད་ཁྲི་1067.7ཟིན་པ། རིམ་རྩིས་བརྒྱབ་ན་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་5066གཏན་འཁེལ་བྱས་ཡོད་པ་བཅས་འཁོད་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་། 2025ལོར་ཀྲུང་གོའི་ཤེས་བྱའི་བདག་དབང་གི་བཅོས་སྐྱོང་ནུས་པ་ཆེ་རུ་དང་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་ནས་སྤྱི་ཚོགས་སྲུང་སྐྱོང་ལ་བློ་ཡིད་ཚིམ་ཚད་སྐར་མ་82.81ཟིན་ཏེ་སླར་ཡང་ཟིན་ཐོ་གསར་པ་བཏོད་པ་དང་། ཁྲིམས་འཛིན་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཡོངས་ཁྲིམས་ཁང་གིས་ཤེས་བྱའི་བདག་དབང་གི་དམངས་དོན་འདྲི་གཅོད་དང་པོའི་གྱོད་གཞི་ཁྲི་47.3གསར་དུ་བསྡུས་པ། ཞིབ་དཔྱོད་ལས་ཁུངས་ཀྱིས་ཤེས་བྱའི་བདག་དབང་ལ་བཙན་གནོད་བཏང་བའི་ཉེས་གསོག་འཛིན་བཟུང་དང་ཞིབ་བཤེར་གྱོད་གཞི་6220བདག་སྤྲོད་བྱས་པ། སྤྱི་བདེ་ལས་ཁུངས་ཀྱིས་འབྲེལ་ཡོད་ཉེས་དོན་གྱོད་གཞི་ཁྲི་2.6གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱས་པ་བཅས་འཁོད་ཡོད།